[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱི་འདི་ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བཟང་བ།

    གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་རྩིས་བྱས་ན་ སྒོར་དུང་ཕྱུར་35.5ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་10.3%འཕར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-13

    ཉིན་ཤས་གོང་གསར་འགོད་པར་ཆབ་མདོ་གྲོང་ཁྱེར་གྱི་2018ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོའི་དུས་ཚིགས་དང་པོར་གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་35.5ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་10.3%འཕར་བའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་2.1ཟིན་པ་དེ་དུས་མཚུངས་ལས་5..4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་5.12ཟིན་པ་དེ་དུས་མཚུངས་ལས་13.7%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་28.28ཟིན་པ་དེ་དུས་མཚུངས་ལས་16.3%འཕར་བ་བཅས་རེད།

    ཟླ་བ་དང་པོ་ནས་གསུམ་པའི་བར་གྲོང་ཁྱེར་དེ་ཡོངས་སུ་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར་11.5དམིགས་སར་འབྱོར་བ་དང་། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་23.8ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་18%འཕར་བ་དང“གཙང་གསུམ”ཆུ་གློག་གསར་སྤེལ་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་5.2བཏང་ཡོད། ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དངོས་སུ་སྐྲུན་འགོ་ཚུགས་པ་དང་དེ་མིན་གྱི་འགྲིམ་འགྲུལ་རིགས་ཀྱི་གཙོ་གནད་རྣམ་གྲངས་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད།

    ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་2.8ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་7.3%འཕར་བ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་ཤང་དང་ཤང་ཡན་གྱི་བཟོ་ལས་དང་ཁེ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་4.2ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་11.6%འཕར་བ། གྲོང་ཁྱེར་དེ་ཡོངས་ཀྱི་ཡུལ་སྐོར་བ་སྣ་ཚོགས་ལ་སྣེ་ལེན་བྱེད་ཚད་སྔོན་རྩིས་བྱས་ན་མི་ཐེངས་ཁྲི་21.7ཟིན་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་1.78བྱུང་བ་དེ་དུས་མཚུངས་ལས་13.7%འཕར་བ་བཅས་རེད།

    ཟླ་བ་དང་པོ་ནས་གསུམ་པའི་བར་གྲོང་ཁྱེར་དེ་ཡོངས་ཀྱིས་རིམ་རྩིས་བྱས་ན་ལས་ཞུགས་ལས་གནས་568གསར་གཏོད་བྱས་པ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་སྣ་484མང་དུ་ཕྱིན་པ། ཞིང་འབྲོག་པ་1408ལ་ལས་རིགས་ལག་རྩལ་རྩལ་ནུས་གསོ་སྦྱོང་བྱས་པ་དེ་ལས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་14704ལས་ཞུགས་གཞན་སྒྱུར་བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།