[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱི“ཞིང་གསུམ”ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-04

    ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ཞིང་གསུམ”ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་བརྒྱུད། “ཞིང་གསུམ”གནད་དོན་མངོན་གསལ་དོད་པའི་གཙོ་གནད་གནས་བབ་ཏུ་བཞག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི“ཞིང་གསུམ”ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བཞིན་ཡོད་པ་དང་གྲོང་ཁྱེར་ཡོངས་ལ་ཁྱོན་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་2དང་གྲོང་ཁྱེར་རིམ་པའི་ཁེ་ལས་7ཡོད་པ་དེས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4100ལྷག་ཙམ་འཕར་རྒྱུར་ཁྱབ་འགྱེད་དང་སྐུལ་ཁྲིད་བྱས་ཡོད། ཞིང་འབྲོག་ལས་ཀྱི“བརྒྱ་སྟོང་ཁྲིའི་འདུ་འགོད”ལ་གཞི་ཁྱོན་རགས་ཙམ་ཆགས་ཏེ་གྲ་ནང་གི་བྲ་བོར་རྒྱལ་ཁབ་ཞིང་ལས་ཕྱོགས་བསྡུས་ཚད་གཞི་ཅན་གྱི་དཔེ་སྟོན་ཁུལ་གྱི་རྣམ་གྲངས་ཀྱི་ཆོག་མཆན་ཐོབ་པ་དང་། ལྷོ་བྲག་གི་ཕིང་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་སུ་གྲུབ་འབྲས་ཐོན་པའི་ངང་གསར་གཏོད་བྱས་པར་འབྲུ་རིགས་ཐོན་འབབ་ལོ་བསྟུད་མར་ཐོན་འཕར་བྱུང་ཡོད་པ་རེད།

    ཞིང་འབྲོག་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་བ། རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཤང་གྲོང་དང་གྲོང་ཚོ་དང་གྲོང་ལྷན་གྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་ཁག་སོ་སོར་96.3%དང་67.8%ཟིན་པ་དང་། ཞིང་ཆུ་འདྲེན་པའི་འགན་ལེན་ཐུབ་ཚད་དང་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་འགན་ལེན་ཐུབ་ཚད་ཁག་སོ་སོར་80%དང་90%ཟིན་པས། བོད་དབུས་གློག་དྲ་ཤང་གྲོང་ལ་ཡོངས་ཁྱབ་ཐུབ་པ་དང་སྲིད་འཛིན་གྲོང་ཚོར་གློག་ཤར་གཏོང་ཐུབ་ཚད་100%ཟིན་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ། སྣེ་གདོང་ཆུས་ཀྱིས་སྔོན་ལ་སྣེ་ཁྲིད་ནས་དབུལ་ཞྭ་ཕུད་པ་དང་། ཆུ་གསུམ་དང་། ལྷོ་བྲག ཟངས་རི། རྒྱ་ཚ། འཕྱོངས་རྒྱས། མཚོ་སྣ་བཅས་རྫོང་6རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་ཚད་གཞི་ལོན་པ་དང་། མང་ཚོགས་དབུལ་པོ་18418བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་མང་ཚོགས་དུད་ཚང་1089ལ་གཅིག་སྡུད་ཐོག་ཏང་གི་བཀའ་དྲིན་དྲན་པ་དང་། རང་སྟོབས་རང་སྤེལ་གྱི་སློབ་གསོ་དང་། རྩལ་ནུས་གསོ་སྦྱོང་བྱས་པ་བཅས་རེད།

    གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་རྒྱུན་ཆད་མེད་པར་བཏང་བ། ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་གསེབ་ཀྱི་འགན་གཙང་ལེན་པའི་ས་ཆའི“དབང་གསུམ་ཁག་བགོས”ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། གྲོང་གསེབ་ཀྱི་ས་ཆ་སྒྱུར་བཅོས་དབང་ཆ་གཏན་འཁེལ་བྱེད་པའི་ཐོ་འགོད་ལག་ཁྱེར་སྤྲོད་པའི་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་བ་དང་སྣེ་གདོང་གིས་རང་སྐྱོང་ལྗོངས་རིམ་པའི་གྲོང་གསེབ་སྒྱུར་བཅོས་ཀྱི་ཚོད་ལྟ་ཁུལ་འཛུགས་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།