[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཉིང་ཁྲིས།

    གར་སྟེཌ་ཆུང་ཆུང་ལ་བརྟེན་ནས་དབུལ་སྒྲོལ་གྱི་ཕུཌ་བསམ་ཆེན་པོ་མངོན་འགྱུར་ཡོང་བར་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-04

    ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཕྱོགས་སྡོམ་དང་དབུལ་སྒྲོལ་ཕན་འབྲས་སྲ་བརྟན་དུ་གཏོང་བའི་ལས་དོན་ཚོགས་འདུ་བྲག་ཡིབ་ཆུས་སྲིད་གཞུང་དུ་འཚོགས་ཤིང་། དབུལ་སྒྲོལ་མང་ཚོགས་དང་ལས་བྱེད་པས་མཉམ་དུ་གཏམ་བརྗོད་ཟློས་གར་ཐུང་གྲས་དང་། གླུ་གཞས། མགྱོགས་གཏམ། ཞབས་བྲོ་སོགས་ལེ་ཚན་འཁྲབ་སྟོན་བྱས་ཏེ་ནང་སེམས་ཀྱི་དགའ་སྤྲོ་དང་དེ་བཞིན་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཚོར་སེམས་མཚོན་པར་བྱས་པ་རེད།

    གཏམ་བརྗོད་ཟློས་གར་ཐུང་གྲས《བཀྲ་ཤིས་ཀྱི་འགྱུར་ལྡོག་སྐོར་བཀོད་པ》ཞེས་པར་བུ་ཆུ་ཤང་གི་མང་ཚོགས་པད་མས་མི་སྣ་གཙོ་བོ་བཀྲ་ཤིས་དབུལ་སྒྲོལ་ལས་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་འོག་ཆང་རག་ཁོ་ན་འཐུང་མཁན་ཞིག་ནས་རང་འགུལ་ངང་ཧུར་བརྩོན་ཆེན་པོས་ཕྱུག་འགྱུར་ལམ་དུ་སྐྱོད་མཁན་ཞིག་ཆགས་པའི་གཏམ་རྒྱུད་གསོན་ཉམས་དོད་པོས་འཁྲབ་སྟོན་བྱས་པ་དང་། “སྒུག་རྟེན་སློང་གསུམ”གྱི་བསམ་བློ་ནི་ངོ་ཚ་དགོས་པ་ཞིག་དང་། རང་གི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱ་རྒྱུ་ནི་གཟི་བརྗིད་ཡིན་ཞེས་འཁྲབ་སྟོན་མཇུག་འགྲིལ་རྗེས་པད་མས་སྐད་གསང་མཐོན་པོས་བརྗོད་པས་ཐལ་མོའི་རྡེབ་སྒྲས་ཁེངས།

    ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་ཀྱིས་ཐོན་ལས་རོགས་སྐྱོར་དང་སྲིད་ཇུས་འགན་ལེན་སོགས་བྱེད་ཐབས་སྤྱད་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1556དབུལ་སྒྲོལ་ཐུབ་པ་རེད། 2017ལོར་བྲག་ཡིབ་ཆུས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྒྲོལ་དང་དབུལ་ཞྭ་འབུད་པའི་ལྟ་སྐུལ་ཚོགས་ཆུང་དང་དཔྱད་དཔོག་ཚོགས་ཆུང་གིས་དཔྱད་དཔོག་དཔྱད་ཞིབ་བྱས་པས་བོད་ཀྱི་ཁག་དང་པོའི་ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པའི་རྫོང(ཆུས)གི་གྲས་ཤིག་ཏུ་གྱུར་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྲག་ཡིབ་ཆུས་ཀྱི་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་བའི་འཆར་གཞི་ཁག་བཟོ་བ་དང་ལག་བསྟར་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་བྱེད་པ་དང་། སྤྱི་ཚོགས་ཀྱི་མ་རྩ་དབུལ་སྒྲོལ་འགག་སྒྲོལ་ལ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་ཆབས་ཅིག་དབུལ་སྐྱོར་རྣམ་གྲངས་ཀྱི་རྗེས་སྙེག་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རིག་སྐྱོར་དང་བློ་སྐྱོར་ཟུང་འབྲེལ་བྱས་ནས་མང་ཚོགས་ཕྱུག་འགྱུར་གྱི་ངོ་བོ་ཉིད་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ཏེ་དབུལ་སྐྱོར་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།