[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་སའི་གྲོང་ཁྱེར་མ་འཇོག་ཚོང་ཟོག་ཨར་འདམ་མ་རྐང་ཚད་ཡོད་ཀུང་སིས།

    ཚལ་གྲོང་ཚོའི་མང་ཚོགས་འབྱོར་འབྲིང་ཕྱོཌ་སུ་བསྐྱོད་རྒྱུར་རོགས་རམ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-04

    ཉེ་ཆར་ལྷ་སའི་གྲོང་ཁྱེར་མ་འཇོག་ཚོང་ཟོག་ཨར་འདམ་མ་རྐང་ཚད་ཡོད་ཀུང་སིས་ཚལ་གྲོང་ཚོར་མ་རྐང་གི་ཁེ་འབབ་བགོ་བའི་མཛད་སྒོ་འཚོགས་པ་དང་། མ་རྐང་བཟུང་ཚད་ལྟར་ད་ལོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་གི་ཚལ་གྲོང་ཚོའི་མ་རྐང་ལ་ཞུགས་པའི་ཡུལ་མིར་ཁྱོན་ཁེ་འབབ་སྒོར་ཁྲི་400བྱུང་ལ། ཚལ་གྲོང་ཚོའི་རླངས་འཁོར་རུ་ཁག་ལ་ཁེ་འབབ་སྒོར་ཁྲི་2196ལྷག་ཟིན་པ་ཕུད། ད་དུང་ཀུང་སིས་དཀའ་ངལ་ཡོད་པའི་དུད་ཚང་15ལ་ལས་ཞུགས་ཀྱི་ལས་གནས་ཀྱང་བཀོད་སྒྲིག་བྱས་ཤིང་། གྲུབ་འབྲས་འདི་ལྟ་བུ་ཐོབ་དོན་ནི་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རོགས་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས་ཡུལ་མི་རྣམས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་ཆེ་བ་བྱུང་ཡོད།

    2016ལོར་ལྷ་སའི་གྲོང་ཁྱེར་མ་འཇོག་ཚོང་ཟོག་ཨར་འདམ་མ་རྐང་ཚད་ཡོད་ཀུང་སི་དང་། ཁྲེང་ཀོན་ཆུས་གྲོང་ཁྱེར་གསར་སྤེལ་ཀུང་སི། ཚལ་གྲོང་ཚོ་ཨུ་ལྷན་བཅས་ཀྱིས་མ་རྩ་མཉམ་དུ་བསྡུས་ནས་ཐོག་མའི་ཚོང་ཟོག་ཨར་འདམ་ས་ཚིགས་རྒྱ་སྐྱེད་བཏང་བའི་ལྷ་སའི་གྲོང་ཁྱེར་མ་འཇོག་ཚོང་ཟོག་ཨར་འདམ་མ་རྐང་ཚད་ཡོད་ཀུང་སི་དེ་ཚལ་གུང་ཐང་ཤང་གི་གནད་སྨིན་དབུལ་སྐྱོར་གྱི་ཁྲོམ་རའི་ཁེ་ལས་གཙོ་བོ་དང་ཐོག་མ་ཞིག་ཡིན་པའི་ངོས་ནས་ཀུང་སིས་ཡུལ་མི་རྣམས་ལ་རོགས་སྐྱོར་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།

    2018ལོར་ལྷ་སའི་གྲོང་ཁྱེར་མ་འཇོག་ཚོང་ཟོག་ཨར་འདམ་མ་རྐང་ཚད་ཡོད་ཀུང་སིས“མཐོ་གསར་རྒྱུན་འཁྱོངས་དང་། གྲུབ་འབྲས་གསར་པ་གཏོད་པ། དབུལ་སྐྱོར་ལ་སྐུལ་གཏོང་། ལས་ཞུགས་ཐག་གཅོད་བྱེད་པ”དེ་ཀུང་སིའི་ལས་དོན་གཙོ་བོ་དང་པོར་བཞག་ནས་ཡིད་ཆེས་ཀྱིས་ཁེངས་པ་དང་། མཉམ་དུ་འབད་བརྩོན། ཡང་འབད་བསྐྱར་འབད། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་གྲོང་ཁྱེར་མ་འཇོག་ཚོང་ཟོག་ཨར་འདམ་བྱ་གཞག་ལ་ཕན་འབྲས་སྔར་བས་བཟང་བ་གཏོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་ལེགས་སྐྱེས་འབུལ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།