[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞིང་ཐང་ཡངས་མོར་མཛད་སྒོ་གཟབ་རྒྱས་སྤེལ། ལོ་ལེགས་བྱུར་བུར་གཏམས་པའི་རྟེན་འབྲེལ་སྒྲིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-23

    492956_yis_1521480361145.jpg

    འདི་ནི་སྟག་རྩེ་ཆུས་དར་རྒྱས་ཤང་གི་ཞིང་པས་ལྷ་རྒྱལ་འཐེན་ནས་ལོ་ལེགས་ཡོང་བའི་སྨོན་ལམ་འདེབས་བཞིན་པ།

    492952_yis_1521480357355.jpg

    འདི་ནི་གཉའ་གཅོག་མཛད་སྒོ་སྤེལ་ཡུལ་དུ་ལག་ཏུ“ཕྱེ་མར”འཁྱེར་བའི་སྟག་རྩེ་ཆུས་དར་རྒྱས་ཤང་གསུམ་དཀར་གྲོང་ཚོའི་གྲོང་མི་ཡིན་པ།

    492950_yis_1521480355389.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་པས་ཞིང་འཕྲུལ་ཁྲོམ་ར་ནས་ཞིང་འཕྲུལ་འདེམས་ཉོ་བྱེད་བཞིན་པ།

    492951_yis_1521480356434.jpg

    འདི་ནི་སྟག་རྩེ་ཆུས་དར་རྒྱས་ཤང་གསུམ་དཀར་གྲོང་ཚོའི་གྲོང་མིས་འདྲུད་འཐེན་འཁོར་ལོར་ཁ་བཏགས་གཡོག་པའི་གནས་ཚུལ་ཡིན་པ།

    492954_yis_1521480359180.jpg

    འདི་ནི་ཆུ་ཤུར་རྫོང་མཉེས་ཐང་ཤང་རྭ་སྟོད་གྲོང་ཚོའི་གྲོང་མིས་ཁྱིམ་ལུད་དབོར་བཞིན་པ།

    492953_yis_1521480358275.jpg

    འདི་ནི་ཆུ་ཤུར་རྫོང་མཉེས་ཐང་ཤང་རྭ་སྟོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་མང་ཚོགས་ཀྱི་ཁྱིམ་དུ་ས་བོན་གྲ་སྒྲིག་བྱས་ཚུལ་ལ་ལྟ་བའི་གནས་ཚུལ་ཡིན་པ།

    492955_yis_1521480360116.jpg

    འདི་ནི་ཆུ་ཤུར་རྫོང་འཇུན་པ་གྲོང་ཚོའི་གྲོང་མིས་ཆུ་ཡུར་གཤོང་བའི་གནས་ཚུལ་ཡིན་པ།

    492949_yis_1521480354656.jpg

    འདི་ནི་སྟག་རྩེ་རྫོང་དར་རྒྱས་ཤང་གསུམ་དཀར་གྲོང་ཚོའི་དཔྱིད་རྨོད་འགོ་ཚུགས་ཀྱི་ལས་ཡུལ་ཡིན་པ།

    དཔྱིད་དུས་སོན་བཟང་བཏབ་གྱུར་ཚེ། སྟོན་དུས་བང་མཛོད་འབྲུ་ཡིས་ཁེངས། རང་ལྗོངས་ཀྱི་ས་གནས་ཁག་གི་ཞིང་པ་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ཞིམ་མངར་མཆོད་ཆང་དང་བཅུད་ལྡན་ཞལ་ཟས་བསྣམས་ཤིང་། ད་དུང་ཕྱག་ཟུང་གིས་ཆར་ཆུ་དུས་སུ་འབབ་པའི་རྟེན་འབྲེལ་བཟང་པོ་མཚོན་བྱེད་ཀྱི“ཕྱེ་མར”བཏེགས་ནས་ཞིང་ཐང་ཡངས་པོའི་ཕང་བར་འཛོམས་ཏེ་གཉའ་གཅོག་གི་མཛད་སྒོ་གཉེར་བ་རེད།

    གྲོང་ཚོའི་ནང་གི་བགྲེས་སྲོང་ཞིག་གི་ཞལ་ནས་བཏོན་པའི་གསོལ་འདེབས་ཀྱི་སྒྲ་དབྱངས་དང་བསྟུན་ནས་གཉའ་གཅོག་གི་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། ཆང་དང་རྩམ་པས་ཕུད་གཏོར་ཡང་ཡང་བྱས་པའི་བསང་གི་དུ་བ་ཡངས་པའི་ཞིང་ཐང་གི་མཁའ་དབྱིངས་སུ་ལང་ལོང་དུ་འཕྱུར། དངུལ་མདོག་ཅན་གྱི་་ཐོང་གཤོལ་གྱིས་དགུན་གསུམ་གཉིད་ལ་ཡུར་བའི་ས་གཞི་གཤིན་པོ་མལ་ལས་བསླངས་པ་དང་། གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་ནས་ཀྱི་སོན་བཟང་ཐོག་མ་དེ་གཏོར་ནས་ལོ་གསར་པར་ལོ་ལེགས་ཡོང་བའི་སྨོན་ལམ་བཏབ།

    ཞིང་ལས་འཕྲུལ་ཆས་ཁྱབ་རྒྱ་ཆེན་པོ་བྱུང་བ་དེས་རང་ལྗོངས་ཀྱི་ཞིང་ཁུལ་མང་ཆེ་བར་འཕྲུལ་ཆས་ཅན་གྱི་འདེབས་འཛུཌ་མངོན་འགྱུར་བྱུང་ཡོད། ས་ཆ་བརྒྱུད་བཤུག་དང་འཕྲུལ་ཆས་ཅན་གྱི་འདེབས་འཛུཌ་བྱས་པ་བརྒྱུད། ཞིང་པ་ཚོས་དུས་ཚོད་མང་པོ་ཞིག་གྲོན་ཆུང་ཐུབ་ནས་གསོ་ཚགས་དང་། ཞོར་ལས། “ཞིང་ཁྱིམ་སྤྲོ་སྐྱིད་ཁང”སོགས་དམངས་ཕྱུག་བོད་དར་གྱི་བྱ་ཐབས་དོན་འཁྱོལ་བྱས་པ་བརྒྱུད་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས་སུ་སོང་བ་དང་ཚང་མའི་ཡོང་འབབ་ཉིན་རེ་ལས་ཉིན་རེ་མ་འདས་པར་མང་དུ་ཕྱིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།