[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་ཨུ་ཡོན་ཚོས་མུ་མཐུད་རིཌ་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-12

    ཟླ་3ཚེས་10ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་ཨུ་ཡོན་ཚོས་མུ་མཐུད་ཚོགས་ཆུང་ཁག་གི་གྲོས་བསྡུར་ནང་ཞུགས་ཏེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་དང་འབྲེལ་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་དམིགས་པ་དང་། རང་ཉིད་ཀྱིས་དོ་ཁུར་བྱེད་པའི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ་ཐབས་དང་ཇུས་བཏོན་པ་རེད།

    ཨུ་ཡོན་ཚོས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བསམ་འཆར་དང་གྲོས་འགོ་བཏོན་ཞིང་། ཨུ་ཡོན་སངས་རྒྱས་གྲགས་པས་མིག་སྔར་བོད་འདི་ཉིད་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཁར། མི་རིགས་ཁག་དབར་གྱི་མཐུན་སྒྲིལ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་མི་རིགས་ཀྱི་འབྲེལ་བ་འཆམ་མཐུན་མཉམ་གནས་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས“མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ”བཅས་ཀྱི་མི་རིགས་ལས་དོན་གྱི་བསམ་ཕྱོགས་བཏོན་པར་བརྟེན་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་ཐེབས་པ་དང་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་ཐུབ་སྟེ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས་པ་རེད།

    ཨུ་ཡོན་རྣམ་རྒྱལ་ལྷ་མཚོས་མིག་སྔར་རང་རྒྱལ་གྱི་བོད་ཀྱི་གསོ་བ་རིག་པར་འཕེལ་རྒྱས་ཀྱི་དཔྱིད་ཀ་ཤར་བ་དང་དུས་བསྟུན་འཕེལ་རྒྱས་དང་བསྟུན་ནས་བོད་ཀྱི་གསོ་བ་རིག་པ“མངོན་མིན་རིག་གནས་ནང་རེ་ཞུ་བྱ་རྒྱུའི”གོམ་སྟབས་མགྱོགས་སུ་བཏང་སྟེ་སྔ་ཙམ་ཆོག་མཆན་ཐོབ་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད། རྒྱལ་ཁབ་རིམ་ངོས་ནས་བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོང་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བཏོན་ནས་ཀྲུང་ལུགས་གསོ་རིག་གི་བཅའ་ཁྲིམས་ནང“བོད་ལུགས་གསོ་རིག”གི་མིང་བཅུག་སྟེ་དེའི་བཅའ་ཁྲིམས་ཀྱི་གནས་བབ་མངོན་རྒྱུའི་གྲོས་འགོ་འདོན་རྒྱུ་དང་འབྲེལ་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་མི་སྣས་ཕྱི་ཕྱོགས་དང་མཉམ་ལས་དང་སྤེལ་རེས་བྱ་རྒྱུར་བསྔགས་སྐུལ་བྱས་ཏེ་བོད་ཀྱི་གསོ་བ་རིག་པ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། རང་རྒྱལ་གྱི་བོད་ཀྱི་གསོ་བ་རིག་པ་འཛམ་གླིང་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ཐོག་གི་བོད་ཀྱི་གསོ་བ་རིག་པའི་ཤུགས་རྐྱེན་དང་སྐད་ཆ་ཤོད་དབང་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།