[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-12

    དབང་དབྱང་ཕེབས་པ་དང་། ཨུ་ཡོན་14ཡིས་ཆབ་སྲིད་དང་། སྤྱི་ཚོགས། རིག་གནས། འཛུགས་སྐྲུན། འཐབ་ཕྱོགས་གཅིག་གྱུར། སྲིད་གྲོས་སོགས་ཀྱི་ལས་དོན་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ།

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚེས་10ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་རེད། ཨུ་ཡོན་14ཡིས་ཆབ་སྲིད་དང་། སྤྱི་ཚོགས། རིག་གནས། འཛུགས་སྐྲུན། འཐབ་ཕྱོགས་གཅིག་གྱུར། སྲིད་གྲོས་སོགས་ཀྱི་ལས་དོན་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་གཙོ་སྐྱོང་བ་དབང་དབྱང་ཚོགས་འདུར་ཕེབས་ཡོད་པ་རེད།

    ཨུ་ཡོན་ཧྲའོ་ཧུང་གིས་དགུ་གསུམ་ཤེས་རིག་ཚོགས་པ་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ལོ་ངོ་70ཡི་གོང་ཀྲུང་གུང་ཀྲུང་དབྱང་གི“ལྔ་གཅིག་འབོད་ཚིག”ལ་དམངས་གཙོ་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་ཁག་བཅས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བརྡ་ལན་ཞུས་ནས་གྲོས་མོལ་ངང་རྒྱལ་ཁབ་འཛུགས་པའི་འགོ་བརྩམས་པ་རེད། ད་ཆ་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཐོག་མའི་བསམ་འདུན་མི་བརྗེད་པར་མཐུན་སྒྲིལ་འབད་འཐབ་བྱས་ནས་ཏང་མང་མཉམ་ལས་དང་མི་དམངས་སྲིད་གྲོས་བྱ་གཞག་ལ་འོད་སྟོང་གསར་པ་བཏོད་ཡོད་ཅེས་གསུངས།

    ཨུ་ཡོན་ཀྲུའུ་ཡུང་ཤིན་གྱིས་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་འབྲིང་རིམ་ལས་རིགས་སློབ་གསོའི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ཏེ“འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་འདུ་འགོད”དང་། “གཅིག་སྡུད་ཡུག་སྦྲེལ་ས་ཁུལ་དབུལ་པོའི་འབྲིང་རིམ་ལས་རིགས་སློབ་གསོའི་ནུས་པ་མཐོར་གཏོང་འཆར་གཞི”“ཤར་ནུབ་རྒྱུད་ཀྱི་འབྲིང་རིམ་ལས་རིགས་སློབ་གསོའི་མཐུན་སྦྱོར་འཆར་གཞི”ལག་ལེན་བསྟར་རྒྱུའི་གྲོས་འགོ་བཏོན་ནས་སློབ་མ་དབུལ་པོ་ཚོ་སློབ་གྲྭ་འགྲིམ་ས་ཡོད་པ་དང་ལས་ཀ་བྱ་ཡུལ་ཡོད་པ་བྱེད་དགོས་ཞེས་གསུངས།

    ཨུ་ཡོན་ཆུའེ་ཧྥུང་ཞུང་གིས་ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། གནད་སྨིན་དང་སྐྱོན་བྲལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པར་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་འཇུར་མིག་གི་གནད་དོན་བསལ་ནས་སྨན་བཅོས་རོགས་སྐྱོབ་བྱེད་སྟངས་གསར་གཏོད་བྱེད་པ་དང་། ས་ཁུལ་ཤིན་ཏུ་དབུལ་པོའི་གནད་སྨིན་དང་སྐྱོན་བྲལ་གྱི་དབུལ་སྒྲོལ་ལམ་ལུགས་གསར་གཏོད་བྱ་རྒྱུ་འགན་ལེན་བྱེད་པ། སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། མི་ཚོགས་དབུལ་པོའི་ནད་ཆེན་སྨན་བཅོས་འགན་ལེན་གྱི་རྨང་གཞི་བརྟན་དུ་གཏོང་བ། ཕུའུ་ཅན་གྱི་སྨན་བཅོས་སྒྱུར་བཅོས་ཀྱི་ཉམས་མྱོང་ཁྱབ་གདལ་གཏོང་བ། སྒྱུར་བཅོས་ལ་བརྟེན་ནས་མི་འབོར་དབུལ་པོའི་བདེ་ཐང་འགན་ལེན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

    ཨུ་ཡོན་ལིའུ་ཞའོ་ཀྲོང་གིས་གསུང་བཤད་གནང་སྐབས། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ཡུལ་སྲོལ་གྱི་ཤེས་དཔལ་སྲོལ་གཏོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཀྱང་སྣང་ཆུང་བྱེད་མི་རུང་བའི་གནད་དོན་ཁག་གཅིག་སྔར་བཞིན་གནས་ཡོད། ཏང་སྲོལ་སྲིད་སྲོལ་གྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆེད་དོན་བཅོས་སྒྲིག་བྱེད་པ་དང་། ཡུལ་གྱི་ཉམས་མྱོང་རྒན་པོའི་ནུས་པ་འདོན་སྤེལ་བྱེད་པ། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཤེས་དཔལ་གྱི་དར་སྲོལ་བཟང་པོ་ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་གང་སར་ཁྱབ་པ་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས།

    ཨུ་ཡོན་ཝང་ཧོན་གྱིས་གསུང་བཤད་གནང་སྐབས། དགེ་རྒན་དང་། ཁྱིམ་བདག ལྷག་པར་དུ་སློབ་མ་བཅས་ལ“ཁུར་པོ་ཡང་དུ་གཏོང་བའི”ཐོབ་ཚོར་དེ་ཙམ་ཆེན་པོ་བྱུང་མེད། གང་ལགས་ཤེ་ན། སྤུས་ལེགས་སློབ་གསོའི་ཐོན་ཁུངས་འདོན་ཚད་ལས་མཁོ་ཚད་ཆེ་བ་དང་། རྨང་གཞིའི་སློབ་གསོས“རྨང་གཞི”ལས་བརྒལ་བའི་ཁུར་པོ་མང་པོ་འཁུར་བ། སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་བྱེད་ཤུགས་མི་འདང་བ་བཅས་རེད། དེར་བརྟེན་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཡོང་བར་ཤུགས་སྣོན་རྒྱག་པ་དང་། སློབ་ཚན་བཀོད་སྒྲིག་ཚད་ལྡན་ཡོང་བ་བྱེད་པ། གདེང་འཇོག་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ། སློབ་ཁྲིད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས“རྨང་གཞིའི་སློབ་གསོས་མི་ཚེའི་འཚར་ལོངས་ཀྱི་རྨང་གཞི་འདིང་བའི”རིན་ཐང་གི་ལྟ་བ་འཛིན་ཕྱོགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།