[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་མུ་མཐུད་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-07

    ཟླ་3ཚེས་5ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་བྱས་པ་དང་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་ཏུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམ་པོར་དམིགས་ནས་འཚང་ཁ་ཤིག་ཤིག་ངང་གཏམ་བཤད་སྤེལ་བ་རེད། ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཕྱོགས་སྡོམ་བྱས་པའི་གྲུབ་འབྲས་དོན་དངོས་དང་མཐུན་ལ་དངོས་དངོས་རྗེན་རྗེན་ཞིག་དང་བཟོས་པའི་དམིགས་ཚད་ཚན་རིག་དང་མཐུན་ལ་དམ་པ་དོན་གཉེར་ཞིག་ཡོད་པས། སླད་ཕྱིན་ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་གང་ལེགས་བྱས་ཏེ་བློ་གྲོས་ལྡན་པའི་ཐབས་མང་ཙམ་འདོན་པ་དང་། དངོས་གཉེར་གྱི་ཇུས་མང་ཙམ་འདོན་པ། འཕེལ་རྒྱས་ཀྱི་ཐབས་ལམ་དོན་གཉེར་མང་ཙམ་བྱེད་པ་བཅས་བྱས་ནས་དུས་རབས་གསར་པའི་འཕེལ་རྒྱས་ལ་ཐབས་དང་ནུས་ཤུགས་ཧུར་ཐག་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

    བསྟན་ཁོ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ང་ཕོད་འཇིགས་ཡོན། སངས་རྒྱས་གྲགས་པ། བཀྲ་ཤིས་ཟླ་བ་སོགས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་ཚོ་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ་རེད།

    རང་ལྗོངས་ཀྱི་ཨུ་ཡོན་ཚོས་གྲོས་བསྡུར་གནང་སྐབས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཕྱོགས་སྡོམ་བྱས་པའི་འདས་ཟིན་པའི་ལོ་ལྔའི་གྲུབ་འབྲས་དངོས་ཐོག་བདེན་འཚོལ་དང་། དབྱེ་ཞིབ་བྱས་པའི་གནད་དོན་ཡང་དག་ལ་གནད་ལ་འཕིགས་པ། གཏན་འཁེལ་བྱས་པའི་དམིགས་ཚད་ཀྱི་བསམ་ཕྱོགས་ཁ་གསལ་བ། བཏོན་པའི་གྲོས་འགོའི་བྱེད་ཐབས་ནུས་པ་དང་ལྡན་པ་བཅས་ཡོད་པས་བསམ་བློའི་རང་བཞིན་དང་། དམིགས་སའི་རང་བཞིན་། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། སྙན་སྒྲོན་འདི་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དུས་རབས་ཀྱི་ཁྱད་ཆོས་དང་མཐུན་ཡོད་ལ་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་དམངས་ཀྱི་འདོད་བློ་དང་ཡང་མཐུན་ནས་བློ་གྲོས་མངོན་པ་དང་། ཡིད་ཆེས་འཕེལ་རྒྱུར་སྐུལ་མ་ཐེབས་པ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།

    ཨུ་ཡོན་ཚོས་དུས་རབས་གསར་པར་བྱས་རྗེས་གསར་པ་ཡོད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ད་ཐེངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ། རང་ངོས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱེད་པ། དངོས་འཛིན་དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོག་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འབད་འབུངས་མདུན་སྐྱོད་བྱེད་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།