[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྗོངས་སྲིད་གྲོས་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གིས་བོད་ཀྱི་ལོ་གསར་དགའ་སྤྲོས་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

    ཏིང་ཡེ་ཤན་གྱིས་ཤིས་ཚིག་བསྒྲོན་པ།

    ཚེས་7ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གིས་2018ལོའི་བོད་ས་ཁྱི་ལོའི་ལོ་གསར་དགའ་སྤྲོས་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་སྲིད་ཀྱི་འགོ་ཁྲིད་དང་ལྗོངས་སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་ལྷན་དུ་འཛོམས་ནས་ཕན་ཚུན་མཇལ་དར་བསྒྲོན་པ་མ་ཟད། གྲོ་སོ་ཕྱེ་མར་དང་མཆོད་ཆང་བཀྱགས་ནས་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཕེབས་པ་མ་ཟད་ཤིས་ཚིག་ཀྱང་བསྒྲོན་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་ལེགས་མཆོག་ཕེབས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བསྟན་ཁོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ཤིས་ཚིག་བསྒྲོན་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་། ལྗོངས་སྲིད་གཞུང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་བཅས་ཀྱི་ཚབ་ཞུས་ནས་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན། མི་རིགས་ཁག་དང་ལས་རིཌ་ཁག་གི་རྒྱལ་གཅེས་མི་སྣ། སྲིད་གྲོས་ཀྱི་ལས་བྱེད་ལས་བཟོ། བོད་ཀྱི་སྲིད་གྲོས་བྱ་གཞག་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རིམ་ཁག་འགོ་ཁྲིད་དང་ལས་རིགས་ཁག་གི་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་དང་སྙིང་དབུས་ནས་སྨོན་འདུན་ཞུས་གནང་བ་རེད།

    ཏིང་ཡེ་ཤན་གྱིས་2017ལོ་ནི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་མཐོན་པོར་བསྒྲེངས་བ་དང་། བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་འཚམ་པར་བྱེད་པ། བྱ་གཞག་གི་འཕེལ་རྒྱས་གསར་པར་སྣེ་ཁྲིད་བཅས་བྱས་པས་བོད་ཀྱི་བྱ་གཞག་ཁག་ལ་གསོན་ཤུགས་རབ་ཏུ་རྒྱས་པ་དང་མདུན་ལམ་རྒྱ་ཆེར་ཕྱིན་ཡོད། 2017ལོར་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་སྣེ་ཁྲིད་འོག་བློ་རྩ་བརྟན་པོ་དང་རང་རྟོགས་ངང་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དང་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་ལག་ལེན་བསྟར་རྒྱུ་གཅིག་གྱུར་མཐའ་འཁྱོངས་བྱས་པ་དང་། བློ་རྩ་བརྟན་པོ་དང་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་འདོད་ཚུལ་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་རྣམས་སྲིད་གྲོས་ཀྱི་ལས་ཀའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་པ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། མཐུན་སྒྲིལ་འབད་འབུངས་བཅས་བྱས་པས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་ཡོད་ཅེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།