[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་བོད་རིགས་སྤུན་ཟླས་དགའ་སྤྲོ་མཉམ་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

    ཚེས་10ཉིན་གྱི་ཕྱི་དྲོ། རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱས་པའི་ལྗོངས་ཡོངས་ཀྱི་བོད་རིགས་སྤུན་ཟླ་དང་དེ་བཞིན་ཕྱིར་སྡོད་བོད་རིགས་སྤུན་ཟླའི་ལྗོངས་ནང་ཁུལ་གྱི་གཉེན་ཉེས་ཇ་སྟོན་ཚོགས་འདུ་འཚོགས་ནས་དཔྱིད་གསར་དུས་ཆེན་དང་བོད་ས་ཁྱི་ལོའི་ལོ་གསར་ལ་བསུ་བ་ཞུས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བསྟན་ཁོ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཇ་སྟོན་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བོད་རིགས་སྤུན་ཟླའི་ལས་དོན་ལ་མཐོང་ཆེན་དང་། བོད་རིགས་སྤུན་ཟླའི་བསམ་ཚུལ་ཉན་པ། བོད་རིགས་སྤུན་ཟླའི་བདེ་སྡུག་འདྲི་བ། བོད་རིགས་སྤུན་ཟླའི་དཀའ་ངལ་སེལ་བ། བོད་རིགས་སྤུན་ཟླའི་ཁེ་ཕན་ལ་སྲུང་སྐྱོང་བཅས་སེམས་སུ་བཞག་ནས་རྒྱ་ཆེའི་བོད་རིགས་སྤུན་ཟླ་རང་ལྗོངས་ཀྱི་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་བྱ་གཞག་ལ་ཞུགས་རྒྱུར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་ཅེས་ནན་བཤད་བྱས་པ་དང་། རྒྱ་ཆེའི་གཏན་སྡོད་བོད་རིགས་སྤུན་ཟླ་དང་ཕྱིར་སྡོད་བོད་རིགས་སྤུན་ཟླའི་ལྗོངས་ནང་ཁུལ་གྱི་གཉེན་ཉེ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློའི་ཐད་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐད་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐད་སྲོག་ཤིང་ལ་ལྷག་བསམ་རྣམ་དག བྱ་སྤྱོད་ཐད་སྲོག་ཤིང་ལ་སྲུང་སྐྱོང་བཅས་ཀྱིས་རང་ངོས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་དང་། ཕྱི་རྒྱལ་དུ་ཡོད་པའི་དགའ་ཉེ་སྤུན་མཆེད་ཚོར་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་དྲིལ་བསྒྲགས་ཧུར་ཐག་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་བོད་གསར་ཀྱི་བདེ་སྐྱིད་འཚོ་བ་དྲིལ་བསྒྲགས་བྱེད་པ་དང་འབྲེལ་རྒྱལ་གཅེས་ཡུལ་གཅེས་དང་གནས་གཅེས་ལས་བརྩོན་གྱི་ལག་ལེན་དངོས་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་བློ་རིག་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་རེ་བ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།