[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་རྒྱལ་གྱི་ནུས་རྒྱུ་གསར་པའི་ནུས་པ་མང་བའི་འབར་གས་སྔོན་འགོག་གི་ལས་སྒྲུབ་རླངས་འཁོར་ཐོག་མ་རྩིས་སྤྲད་ནས་བེད་སྤྱོད་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-12

    གཏེར་འདོན་ལས་རིགས་ཀྱི“སྤྲུལ་པའི་རྡོ་རྗེར”བསྔགས་བརྗོད་བྱེད་པའི་ནུས་རྒྱུ་གསར་པའི་ནུས་པ་མང་བའི་འབར་གས་སྔོན་འགོག་གི་ལས་སྒྲུབ་རླངས་འཁོར་ཉིན་ཤས་གོང་ཧུའུ་པེའི་ཞའོ་ཀན་དུ་རྩིས་སྤྲད་ནས་བེད་སྤྱོད་བྱེད་འགོ་ཚུགས་ཤིང་། འདི་ནི་འཛམ་གླིང་ཐོག་གི་ནུས་རྒྱུ་གསར་པའི་སྒུལ་ཤུགས་ཀྱི་ནུས་པ་མང་བའི་འབར་གས་སྔོན་འགོག་གི་ལས་སྒྲུབ་རླངས་འཁོར་ཐོག་མ་དེ་རེད།

    ནུས་རྒྱུ་གསར་པའི་ནུས་པ་མང་བའི་འབར་གས་སྔོན་འགོག་གི་ལས་སྒྲུབ་རླངས་འཁོར་དེ་འཇིག་རྟེན་འཕུར་སྐྱོད་ལྕི་བའི་ལས་གྲྭའི་སྒྲིག་ཆས་ཚད་ཡོད་ཀུང་སིས་ཞིབ་བཟོ་བྱས་པ་ཞིག་རེད། འཇིག་རྟེན་འཕུར་སྐྱོད་ལྕི་བའི་ལས་གྲྭའི་སྒྲིག་ཆས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་སྤྱི་ཁྱབ་ཇུས་འགོད་པ་ཞུས་ཏའེ་ཡིའུ་ཡིས་ངོ་སྤྲོད་བྱས་པར། རླངས་འཁོར་དེ་རིགས་ལ་འབར་གས་སྔོན་འགོག་ཇུས་འགོད་བྱས་ནས་སྟབས་བསྟུན་རང་དབང་ཆེ་བའི་འཕྲུལ་འཁོར་གྱི་ལག་པ་དང་། འབྲད་འདྲེན་སྒྲིག་ཆས། སྒྲིལ་འཐེན་སྒྲིག་ཆས། གཅོད་འབྲེག་སྒྲིག་ཆས་བཅས་གཅིག་ཏུ་འདུས་པ་ཞིག་རེད།

    ནུས་པ་མང་བའི་འབར་གས་སྔོན་འགོག་གི་ལས་སྒྲུབ་རླངས་འཁོར་དེའི་སྤྱོད་མཁན་ཕྱོགས་དང་ཧྲེན་ཏུང་རྡོ་སོལ་ཚོགས་པའི་སྤྱི་ཁྱབ་བཟོ་སྐྲུན་པ་གཞོན་པ་ཀྲང་ཙའེ་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་འཛམ་གླིང་ཐོག་གི་ནུས་རྒྱུ་གསར་པའི་ནུས་པ་མང་བའི་འབར་གས་སྔོན་འགོག་གི་ལས་སྒྲུབ་རླངས་འཁོར་ཐོག་མ་ཡིན་པ་དེ་གཏེར་རིའི་ཁེ་ལས་ཀྱི་ད་ཡོད་ཀྱི་ལས་སྒྲུབ་རླངས་འཁོར་དང་བསྡུར་ཚེ་འབར་སླའི་ཁོར་ཡུག་དང་བར་མཐོངས་ཆུང་བ་སོགས་ཀྱི་ལས་སྒྲུབ་ཁོར་ཡུག་དང་འཚམ་པོ་ཡོད་པས་རང་རྒྱལ་གྱི་གཏེར་འདོན་ལས་རིགས་ཀྱི་ལྗང་མདོག་སྤོ་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་ཐུབ་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།