[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིག་གནས་འཕེལ་རྒྱས་སྒྱུར་བཅོས་ཀྱི་འཆར་འགོད་རྩ་གནད་བཀྲམ་པ།

    རིག་གནས་ཐོན་ལས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་སུ་འགྱུར་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-11

    གསར་འགོད་པར་ཤེས་རྟོགས་བྱུང་བར། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རིག་གནས་འཕེལ་རྒྱས་སྒྱུར་བཅོས་འཆར་འགོད་རྩ་གནད》ཉེ་ཆར་དངོས་སུ་བཀྲམ་པ་རེད། 《འཆར་འགོད་རྩ་གནད》ནང“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས་རང་ལྗོངས་ཀྱི་རིག་གནས་ཐོན་ལས་འཕར་ཚད་ཀྱི་རིན་ཐང་དེ་ལྗོངས་ཡོངས་ཀྱི་ལོའི་GDPཁྲོད་དུ་བཟུང་བའི་བསྡུར་ཚད་ཀྱི་3.5%ནས་4%བར་ཟིན་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་ལྟ་བུའི་ཐོན་ལས་སུ་གྱུར་རྒྱུ་ཡིན་པ་ཁ་གསལ་སྟོན་ཡོད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 《འཆར་འགོད་རྩ་གནད》ནང་བསམ་བློ་ཀུན་སྤྱོད་ཀྱི་རིགས་པའི་གཞུང་ལུགས་མ་ལག་འཛུགས་སྐྱོང་འདུ་འགོད་དང་། བརྒྱུད་བསྒྲགས་མ་ལག་འཛུགས་སྐྱོང་འདུ་འགོད། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་འདུ་འགོད། རིག་གནས་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྱོང་འདུ་འགོད། དེང་རབས་རིག་གནས་ཁྲོམ་རའི་མ་ལག་འཛུགས་སྐྱོང་འདུ་འགོད། ཁྱད་ལྡན་རིག་གནས་ཐོན་ལས་མ་ལག་འཛུགས་སྐྱོང་འདུ་འགོད། རིག་གནས་བརྩམ་ཆོས་རྩེ་གྲ་རྩོམ་བཟོའི་འདུ་འགོད། རིག་གནས་ཤུལ་བཞག་སྲུང་སྐྱོབ་འདུ་འགོད། རིག་གནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་འདུ་འགོད། རིག་གནས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་འདུ་འགོད་སོགས་འདུ་འགོད་10བཏོན་ཡོད་པས་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་། ལྗོངས་ཡོངས་ཀྱི་རིག་གནས་སྒྱུར་བཅོས་མགྱོགས་སུ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། རང་ལྗོངས་འདི་ཉིད་རིག་གནས་ཐོན་ཁུངས་ཀྱི་ལྗོངས་ཆེན་ཞིག་ནས་རིག་གནས་འཕེལ་རྒྱས་ཀྱི་ལྗོངས་སྟོབས་ཆེན་དུ་འགྱུར་རྒྱུའི་འཐབ་ཇུས་རང་བཞིན་གྱི་འགྱུར་བར་སྐུལ་འདེད་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་བསྐྲུན་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    《འཆར་འགོད་རྩ་གནད》ནང་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བཏོན་པ་སྟེ། 2020ལོར་སླེབས་སྐབས་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་དང་སྒྱུར་བཅོས་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་སེམས་སུ་ཟུག་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་། ཚན་རིག་རིག་གནས་ཀྱི་བྱང་ཚད། སྤྱི་ཚོགས་ཤེས་དཔལ་ཀྱི་ཆུ་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་འགྲོ་ཐུབ་པ་བྱ་རྒྱུ་དང་། དེང་རབས་ཀྱི་བརྒྱུད་བསྒྲགས་མ་ལག་རིམ་གྱིས་བཙུགས་ཏེ་སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱ་རྒྱུ། དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་རྩ་བའི་ཆ་ནས་བསྐྲུན་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་དབང་ཆ་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱ་རྒྱུ། སྤྱི་ཡོངས་ནས་རིག་གནས་དོ་དམ་སྒྲིག་གཞི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་བྱེ་བྲག་ནས་འཁོར་སྐྱོད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རིག་གནས་བརྩམས་ཆོས་རྩོམ་བཟོའི་ལས་དོན་དེ་བས་དར་རྒྱས་ཡོང་བ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐང་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྒོ་ནས་སྒྱུར་བཅོས་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ། ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཕྱི་ཕྱོགས་ལ་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་རྣམ་པ་ཉིན་བཞིན་འཐུས་སྒོ་ཚང་དུ་གཏོང་རྒྱུ། རིག་གནས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་རིག་གནས་དར་རྒྱས་གོང་འཕེལ་གྱི་སྲིད་ཇུས་འགན་ལེན་དེ་བས་ནུས་ལྡན་བྱ་རྒྱུ། ཁྱད་ལྡན་རིག་གནས་ཐོན་ལས་མ་ལག་དང་དེང་རབས་རིག་གནས་ཁྲོམ་རའི་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། མི་རིགས་ཀྱི་རིག་གནས་ཁེ་ལས་དང་རིག་གནས་སྤུས་རྟགས་ཁག་གཅིག་གི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་རིག་གནས་ཐོན་ལས་ཀྱི་འཕར་སྣོན་རིན་ཐང་གིས་ལྗོངས་ཡོངས་ཀྱི་ལོ་རེའི་GDPཁྲོད་བཟུང་བའི་བསྡུར་ཚད་དེ་3.5%ནས་4%བར་ཟིན་པ་བྱས་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་ལྟ་བུའི་ཐོན་ལས་སུ་འགྱུར་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།