[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཐབས་ཤེས་སྣ་ཚོགས་མཉམ་དུ་སྤྱད། འཇོན་ཆེའི་མི་སྣ་གསོ་སྐྱོང་བྱས།

    ཆུ་གསུམ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-14

     2017ལོའི་ཚུན་དུ་ཆུ་གསུམ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དཀའ་གནད་ལ་དམ་པོར་དམིགས་ཏེ་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་པ་དང་། ཐབས་ཤེས་སྣ་ཚོགས་མཉམ་དུ་སྤྱད་དེ་འཇོན་ཆེའི་མི་སྣ་གསོ་སྐྱོང་བྱས་པ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་མ་ལག་དང་འགན་འཁྲིའི་མ་ལག་བཙུགས་པ། ཕར་ཆིན་རྒྱག་པའི་སྙིང་རུས་ཆེ་རུ་བཏང་སྟེ་གནད་སྨིན་དབུལ་སྒྲོལ་ལས་དོན་ལེགས་པར་བསྒྲུབས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་ཆུ་གསུམ་རྫོང་གིས་མ་དངུལ་སྒོར་ཁྲི་930སྔ་རྗེས་སུ་བཏང་སྟེ་འཆར་གཞིའི་ནང་ཚུད་པའི་དུད་ཚང་47ཡུལ་གཞན་དུ་གནས་སྤོ་བྱ་རྒྱུའི་ལས་དོན་སྤེལ་ཞིང་། མིག་སྔའི་བར་དུད་ཚང་7གྱི་མི་24གནས་སྤོས་ཟིན་ཡོད། དུས་མཚུངས་སུ་རྫོང་དེས་ལོ་འཁོར་གོང་མའི་ནོར་སྲིད་སྔོན་རྩིས་ཀྱི་12%ཏེ་ཁྱོན་མ་དངུལ་སྒོར་ཁྲི་670དབུལ་སྐྱོར་གསར་སྤེལ་མ་དངུལ་དུ་བྱས་པ་དང་། གསོག་ཐེབས་མ་དངུལ་སྒོར་ཁྲི་4600ལྷག་ཙམ་གང་འགབ་ཅི་སྤྱོད་ཐུབ་པར་བྱས་པ། ཐོན་ལས་རྣམ་གྲངས་7ལག་བསྟར་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་600ལྷག་ཙམ་ལ་མི་རེར་ཆ་སྙོམས་འབབ་འཕར་སྒོར་2000ལྷག་ཙམ་ཡོང་བ་བྱས་ཡོད། གཞན་ཡང་རྫོང་དེས་ལས་གནས་གཏན་འཁེལ་དང་། མི་སྣ་གཏན་འཁེལ། འགན་འཁྲི་གཏན་འཁེལ། གླ་ཕོགས་གཏན་འཁེལ། མི་གཅིག་ལ་ལས་གནས་གཅིག་བཅས་ཀྱི་རྩ་དོན་གཞིར་བཟུང་སྣོད་བཅུད་ཁ་གསབ་ལས་གནས་3761གཏན་འཁེལ་བྱས་པ་དང་། ལས་ཐོག་མ་དངུལ་སྒོར་ཁྲི་700ལྷག་ཙམ་སྤྲད་པ་མ་ཟད། ད་དུང་རྫོང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་470རང་གྲབས་བྱས་ཏེ་ཞིང་འབྲོག་པའི་ནད་ཆེན་སྤྱི་འདོམས་ཐེབས་རྩ་བཙུགས་ནས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། དབུལ་སྐྱོར་བྱ་ཐབས་མང་པོ་ཞིག་མཉམ་དུ་སྤྱད་ནས་ཤུགས་བརྒྱབ་པ་དང་སྐུལ་འདེད་བརྟན་པོ་བཏང་བའི་རྨང་གཞིའི་ཐོག་ཆུ་གསུམ་རྫོང་འདི་ཉིད“ཚད་ལོན་གསུམ་དང་མཐོར་གཏོང་གཅིག”དམིགས་ཚད་བླང་བྱ་དང་སྒོར་3840ཡན་གྱི་དབུལ་སྒྲོལ་དམིགས་ཚད་དུ་སླེབས་པ་དང་ཆབས་ཅིག་དབུལ་སྐྱོར་འགག་སྒྲོལ་ལས་དོན་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།