[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བར་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

    ཉེ་ཆར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བར་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་བྱེད་རིང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་དཔོན་གཞོན་པ་ཆུང་བདག་གིས་མིག་སྔའི་ལྷ་ས་གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་། མྱུར་ཚད་ལས་བརྒལ་བ་དང་། ཤོང་ཚད་ལས་བརྒལ་བ། ངལ་དུབ་ངང་རླངས་འཁོར་གཏོང་བ། ཆང་བཏུངས་འཁོར་གཏོང་སོགས་ཀྱི་འགྲིམ་འགྲུལ་སྒྲིག་འགལ་བྱེད་སྤྱོད་ཀྱི་གནོད་འཚེར་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱིས་ཉེ་དུས་སྤེལ་བའི་ཟོག་འདྲེན་རླངས་འཁོར་གྱིས་ཤོང་ཚད་དང་མྱུར་ཚད་ལས་བརྒལ་བར་བཅོས་སྒྲིག་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོ་སྒྲོག་འགྲེལ་བྱས་པ་དང་། ས་གནས་ས་ཐོག་ཏུ་ཁ་ལོ་བར་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་དོ་སྣང་བྱེད་དགོས་པའི་དོན་ཚན་སོགས་ཀྱི་གནད་དོན་ལ་འགྲེལ་བཤད་བརྒྱབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།