[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས།

    དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཐོན་སློབ་མར་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

    2017ལོ་ཚུན་དུ། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཡིག་ཚགས་དང་གཱ་བཟོས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཐོན་སློབ་མར་ལས་ཞུགས་རོགས་སྐྱོར་བྱ་རྒྱུའི་ལས་དོན་ལེགས་པར་བསྒྲུབས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭའི་འགོ་ཁྲིད་དང་། ཏང་སྲིད་ཀྱི་འགན་འཁུར་བ། དེ་བཞིན་ལས་ཞུགས་ཀྱི་འགན་འཁུར་མཁན་འབྲེལ་ཡོད་དགེ་རྒན་བཅས་ཀྱིས་ཆ་སྒྲིག་ལས་ཞུགས་འགན་གཙང་ཏན་ཏིག་བླངས་པ་དང་ཆབས་ཅིག 《བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་2017ལོར་སློབ་ཆེན་ཐོན་པའི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་སློབ་མའི་ལས་ཞུགས་རོགས་སྐྱོར་ལས་དོན་གྱི་ཆ་འཕྲིན་གཱ》བཟོས་ཏེ་མི་རེར་ཡིག་ཚགས་རེ་དང་མི་རེར་གཱ་རེའི་ཡིག་ཚགས་དང་གཱ་བཟོ་བའི་ལམ་ལུགས་ལག་བསྟར་བྱས་པ་དང་། སློབ་མའི་ཁྱིམ་དུ་འཚམས་འདྲི་བྱེད་པར་བསྐྱོད་དེ་ཡིག་ཚགས་དང་གཱ་བཟོས་པའི་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ལས་ཞུགས་རོགས་སྐྱོར་ལས་དོན་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།