[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རླབས་ཆེའི་འདུ་འགོད་གསར་པས་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ།

    ལྷོ་ཁ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-11

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“རླབས་ཆེའི་ཕུགས་འདུན་སྒྲུབ་པར་ངེས་པར་དུ་རླབས་ཆེའི་འདུ་འགོད་བསྐྲུན་དགོས། རླབས་ཆེའི་འདུ་འགོད་དེ་ནི་རང་རེའི་ཏང་གིས་སྐུལ་འདེད་གཏིང་ཟབ་གཏོང་བའི་ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པ་དེ་རེད”ཅེས་བསྟན་ཡོད།

    བཀོད་སྒྲིག་ལས་དོན་འཁྱོལ་དེ་བས་གལ་ཆེར་འཛིན་པ། ལྷོ་ཁ་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་ལས་དོན་མཐའ་དག་ལ་འགོ་ཁྲིད་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་སྐུལ་འདེད་བཏང་སྟེ་དེ་བས་ཆེ་བའི་ཆོད་སེམས་དང་། དཔའ་ངར། སྟོབས་ཤུགས་བཅས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

    ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་མཐའ་འཁྱོངས་བཅས་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་ཐོག་ནས་ཏང་རྩ་འཛུགས་དེ་བས་ཞུམ་མེད་སྟོབས་ལྡན་ཞིག་བསྐྲུན་ཚེ་གཞི་ནས་ཏང་གིས་ལྷོ་ཁར་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་ཐུབ་ཅེས་བཤད་པ་རེད། དེས་ན་ལྷོ་ཁ་གྲོང་ཁྱེར་གྱིས“མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་བར་ཁྱམས”དང“དབུས་ནུབ་རྒྱུད་ཀྱི་ཏང་དང་མང་ཚོགས་ཀྱི་བར་ཁྱམས”“ཡར་ཀླུང་གཙང་པོའི་ཏང་འཛུགས་སྐྱོང་གི་བར་ཁྱམས”བཅས་བསྐྲུན་པའི་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་2019ལོར་སླེབས་སྐབས་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་དུ་བསྐྲུན་རྒྱུ་ཕྱོགས་ཡོངས་ལ་ཁྱབ་གང་ཐུབ་བྱ་རྒྱུ་རེད།

    གྲོང་ཁྱེར་དང་དྲ་སྦྲེལ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་གཙོ་གནད་དུ་བྱས་ཏེ་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གསར་དར་རྩ་འཛུགས་དང་གསར་དར་ཚོགས་སྤྱིའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་2020ལོར་སླེབས་སྐབས་ཏང་རྩ་འཛུགས་ཁེབས་ཚད་95%ཡན་ཟིན་པ་བྱ་རྒྱུ་རེད། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་གཅིག་སྡུད་བཅོས་སྒྲིག་གིས་གཞི་རིམ་ཏང་རྩ་འཛུགས་ཉམས་ཞན་དང་། ཕྱི་ཚུལ་ཙམ་དུ་ལུས་པ། བས་མཐའ་ཅན་བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་ཧུར་ཐག་བྱེད་པ་དང་། ཏང་ཡོན་འཕེལ་རྒྱས་ཀྱི་འཆར་གཞི་དོན་འཁྱོལ་དང་། གཞི་རིམ་གྱི་འཐབ་ས་དང་པོ་དང་། ཞིང་འབྲོག་ཁུལ། སློབ་གྲྭ ཞིང་འབྲོག་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་དང་། བུད་མེད། ན་གཞོན། “གཉིས་ལྡན་དུད་སྦྲེལ” དེ་བཞིན་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་བཅས་སུ་ཏང་ཡོན་འཕེལ་རྒྱས་བཏང་སྟེ་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུ། གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་ཁྲི་ཡི་རིག་གནས་བྱང་ཚད་མཐོ་རུ་གཏོང་བའི་འདུ་འགོད་ལག་བསྟར་བྱས་ཏེ་གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཁྲི་འཁུར་བའི་འཇོན་ཐང་ཆེ་རུ་གཏོང་རྒྱུ། ཏང་འཛུགས་སྐྱོང་གི་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་རྫོང(ཆུས)དང་ཤང(གྲོང་རྡལ)དབུལ་པོའི་ཏང་སྲིད་ཀྱི་འགན་གཙོ་བོ་འཁུར་མཁན་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ནས་ལས་བྱེད་པ་གྲོང་སྡོད་དང་ཆ་སྒྲིག་རོགས་སྐྱོར་ལས་དོན་ལ་སྐུལ་མ་བཏང་སྟེ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བཀོད་སྒྲིག་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།

    སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད། ལྷོ་ཁ་གྲོང་ཁྱེར་གྱིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”ལག་བསྟར་ནན་པོ་བྱེད་པ། གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་དང་སྒུལ་ཕྱོགས་གསར་པར་དོ་ཁུར་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ཐག་གཅོད་དང་ལོ་ལྟར་གཙོ་གནད་གཅིག་ལ་དམིགས་པ་དང་ཕྱོགས་བསྡུས་ལ་ལྟ་རྟོག་བྱས་ཏེ་ས་གནས་ས་ཐོག་ཏུ་དཔྱད་བསྡུར་དང་། ཉམས་མྱོང་སྤེལ་རེས། ཕན་ཚུན་སློབ་སྦྱོང་། སྔོན་ཐོན་ལ་མིག་དཔེ་དང་སྡུར་བ། ཚང་བཤེར་ཆད་གསབ་བཅས་བྱས་ཏེ་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱ་རྒྱུ་རེད།

    རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ། རྩ་ལག་མཉམ་བཅོས་གཏིང་ཟབ་བྱས་ཏེ་ལས་བྱེད་པ་སྤྱོད་གཙང་དང་། སྲིད་གཞུང་སྲིད་གཙང་། ཆབ་སྲིད་ཁ་གསལ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། བཀག་སྡོམ་ཁུལ་མེད་པ་དང་། སྤྱི་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས་དང་། བཀག་སྡོམ་ལ་སྣང་ཆེན་དང་། མཐོ་མནོན་ཤུགས་ཆེན། ཟིལ་ཤུགས་ཡུན་རིང་མངོན་པ་བཅས་བྱས་ཏེ་དམིགས་བསལ་རང་བཞིན་མེད་པའི་བསམ་བློ་མཐའ་འཁྱོངས། ལྐོག་རྔན་ལེན་སྤྲོད་ལ་མཉམ་དུ་ཞིབ་བཤེར་མཐའ་འཁྱོངས་བཅས་བྱས་ཏེ། སྐུམ་འཐེན་མི་བྱེད་པ་དང་མཚམས་མི་གཅོད་མཁན་དང་། གནད་དོན་གྱི་ཁུངས་སྣེ་གཅིག་སྡུད་མངོན་པ། མང་ཚོགས་ཀྱིས་གླེང་མང་བ། ད་ཆ་ལས་གནས་གཙོ་བོའི་ཐོག་ཡོད་པ་མ་ཟད་ད་དུང་གནས་སྤོར་བྱེད་སྲིད་པའི་འགོ་ཁྲིད་ལས་བྱེད་པ་བཅས་ལ་གཙོ་གནད་ཞིབ་བཤེར་ཐག་གཅོད་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཆགས་པར་བྱ་རྒྱུ་རེད། ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་དང་འགན་འཁྲི་བདའ་འདེད་གཏོང་བའི་སྲོལ་ཡིག་དོན་འཁྱོལ་ནན་པོ་བྱས་ཏེ་ལྟ་སྐུལ་སྒྲིག་འཁུར་གྱི“རྣམ་པ་བཞི”ཕྱོགས་བསྡུས་སྤྱད་དེ་ཏང་གི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པར་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ“འགོ་ཁྲིད་དང་པོ”སོགས་འགག་རྩའི་ཉུང་ཤས་ཀྱི་ལྟ་སྐུལ་ལཤུགས་སྣོན་རྒྱག་རྒྱུ་རེད།

    ཏང་ཨུད(ཏང་ཙུའི)བྱེད་པོའི་འགན་འཁྲི་དང་། ཏང་ཨུད(ཏང་ཙུའི)ཧྲུའུ་ཅིའི་འགན་འཁྲི་དང་པོ། ཚན་ཁག་གི་ཁོངས་མི་གཞན་དག་གི“གནས་གཅིག་འགན་གཉིས”དོན་འཁྱོལ་ནན་པོ་བྱས་ཏེ། སྒྲིག་བཤེར་གྱིས་རིམ་མཚུངས་ཏང་ཨུད་ལས་དོན་ལ་ལྟ་སྐུལ་བྱེད་པར་སྐུལ་འདེད་གཏོང་བ་དང་རིམ་པ་བཞིན་དམ་འཛིན་ཡག་པོ་བྱས་ཏེ་འགན་འཁྲི་དོན་འཁྱོལ་ཡོང་བར་བྱེད་པ། སྐོར་གཟིགས་ལས་ཀའི་སྲོལ་ཡིག་དང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་ཀའི་ལག་བསྟར་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ་གྲོང་ཁྱེར་དང་རྫོང(ཆུས)གི་སྐོར་ཞིབ་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་ཁྱེར་དང་རྫོང(ཆུས)གི་གོང་འོག་མཉམ་འགུལ་གྱི་སྐོར་ཞིབ་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཟོ་བ། གོང་འོག་དང་གཡས་གཡོན་གང་སར་ཁྱབ་པ་དང་གྲོང་ཁྱེར་ཡོངས་སུ“མིག་མངས་སྒྲིག་སྐོར་གཅིག”གི་སྐོར་ཞིབ་ལྟ་སྐུལ་མ་ལག་འཛུགས་པ་བཅས་བྱས་ནས་སྐོར་ཞིབ་ལས་དོན་གྱི་རྒྱུན་རྣམ་ཅན་དང་། ལམ་ལུགས་ཅན། ཚན་རིག་ཅན་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད། ལྟ་བཤེར་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་དང་རྫོང(ཆུས)གི་ལྟ་བཤེར་ཨུ་ལྷན་འཛུགས་པ་དང་། ཏང་ཨུད་ཀྱིས་གཅིག་གྱུར་བཀོད་འདོམས་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ནུས་ཆེ་བཅས་ཀྱི་ལྟ་སྐུལ་མ་ལག་ཅིག་འཛུགས་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།