[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བདེ་སྐྱིད་དོན་དུ་གཉེར། དབུལ་པོའི་གནས་ལས་སྒྲོལ། ཞི་མཐུན་ལ་སྐུལ་འདེད་བཏང་།

    རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    469409_yis_1515301798677.jpg

    འདི་ནི་རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པའི་རུ་མིས་མང་ཚོགས་དང་མཉམ་དུ་ངལ་རྩོལ་བྱེད་པ།

    རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པ་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོ་སྟོད་ཤང་རུན་སྤུངས་སྒང་གྲོང་ཚོ་དང་། ཀ་ལིང་སྒང་གྲོང་ཚོ། སྒང་དགུ་གྲོང་ཚོ་བཅས་སུ་བཅའ་སྡོད་བྱས་ཚུན། ཐོག་མཐའ་བར་གསུམ་དུ་གཞི་རིམ་དུ་རྩ་བ་ཚུགས་པ་དང་། རང་འགན་གཙང་སྒྲུབ། གྲོང་གསེབ་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་གཞི་ཚུགས་པ། ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། གཞི་རིམ་རྩ་འཛུགས་དེ་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་མཁན་དང་། མང་ཚོགས་ལ་ཞབས་འདེགས་ཞུ་མཁན། ཞི་མཐུན་ལ་སྐུལ་འདེད་གཏོང་མཁན་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་པར་བརྟེན། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བསྔགས་བརྗོད་གང་ལེགས་ཐོབ་ཡོད།

    གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་བཏང་ནས་རྩ་བ་བརྟན་དུ་བཏང་།

    “ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག”ཅིག་འཛུགས་ཆེད། རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པས་ཏང་འཛུགས་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། “བརྒྱུད་རོགས་ཁྲིད”གསུམ་གྱི་ནུས་པ་འདོན་སྤེལ་གང་ལེགས། གཞི་རིམ་ཏང་རྩ་འཛུགས་བརྟན་པོ་འཛུགས་པ། དམག་འཐབ་མཁར་རྫོང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་ཁུལ་དུ་ཏང་གིས་སྲིད་འཛིན་པའི་རྨང་གཞི་བརྟན་དུ་བཏང་བ་རེད།

    སློབ་གསོ་གསོ་སྐྱོང་ལ་དམ་འཛིན་དང་བྱང་ཚད་མཐོ་རུ་བཏང་ནས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། གྲོང་སྡོད་ལས་དོན་རུ་ཁག་གི་ལས་བྱེད་པ་ཚོས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་ལས་དོན་གྱི་བསམ་ཕྱོགས་གསལ་པོ་བཟོ་བ་དང་། དམངས་ཕན་སྲིད་ཇུས་དང་འབྲེལ་ཡོད་བྱེད་སྒོའི་དགོངས་དོན་དང་ལས་སྒོའི་ཤེས་བྱ་ཁོང་དུ་ཆུད་པར་བྱས་པ་དང་སྦྲགས། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་ཀྲི་པུའུ་ཡི་སློབ་སྦྱོང་དང་། ཏང་ཡོན་འཕེལ་རྒྱས། གྲོང་དོན་ཡོངས་བསྒྲགས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པར་བརྟེན། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཆེ་རུ་ཕྱིན་ཡོད།

    འབྲེལ་བ་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གྲོང་སྡོད་ལས་དོན་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་ནང་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་རྟོག་ཞིབ་དང་འཚམས་འདྲི་གཏིང་ཟབ་བྱས་པ་དང་འབྲེལ། མང་ཚོགས་དང་ཁྱིམ་ཚང་གི་སྐོར་གླེང་བ་དང་། དམངས་ཀྱི་འདོད་བློ་དང་དམངས་ཀྱི་འབོད་སྒྲ་ཉན་པ་རེད།

    སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ནས་ཞི་མཐུན་ལ་སྐུལ་འདེད་བཏང་བ།

    རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པས“བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི”བསམ་བློ་བརྟན་པོར་བཙུགས་ནས་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་དང་རང་སྐྱོང་ལྗོངས་ཀྱི“བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་བཅུ”དོན་འཁྱོལ་ནན་ཏན་དང“གཉིས་ལྡན་དུད་སྦྲེལ”གཏོད་པ་དང“དྲ་མིག་ཅན”གྱི་དོ་དམ་སྔར་བས་གཏིང་ཟབ་ཏུ་བཏང་བ། ཏང་ཡོན་དང་དུད་སྦྲེལ་གྱི་འཐུས་མི་སོགས་གཞི་རིམ་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ཡག་པོ་སྤྱོད་པ། བདེ་འཇགས་དོགས་ཟོན་གྱི་ལམ་སྲོལ་དང་རྩོད་གཞི་འདུམ་འགྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགལ་ཟླ་དང་རྩོད་གཞི་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་རྒྱག་པ། སྔ་ས་ནས་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། མགྱོགས་མྱུར་དམ་འཛིན། དམ་འཛིན་ཡག་པོ་བཅས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་ཐག་གཅོད་དང་ཐོན་བཟོ་ཡོད་དུས་ནས་ཐག་གཅོད་བྱས་ཡོད།

    འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོས་ནས་ཕུགས་ཕན་དོན་དུ་གཉེར་བ།

    རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པ་གྲོ་མོ་རྫོང་གྲོ་མོ་སྟོད་ཤང་དུ་བཅའ་སྡོད་བྱས་ཚུན་མང་ཚོགས་ཀྱི་དཀའ་ངལ་སེམས་ལ་བཅངས་ནས་ཕྱུག་འགྱུར་ཐབས་ལམ་འཚོལ་རོགས་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་རོགས་དང་དཀའ་གནད་སེལ་རོགས་བྱས་ཡོད།

    མ་དངུལ་སྒོར་ཁྲི་5.5བཏང་ནས་ཀ་ལིང་སྒང་གྲོང་ཚོའི་མང་ཚོགས་ལ་ཞོག་ཁོག་གི་སོན་བཟང་ཉོ་རོགས་བྱས་པ་དང་། མ་དངུལ་སྒོར་7700བཏང་ནས་ཟམ་པ་བསྐྲུན་པ། སྒོར་ཁྲི་3.47ཞལ་འདེབས་བརྒྱབ་ནས་རུན་སྤུངས་སྒང་གྲོང་ཚོར་འཕྲུལ་རྨོད་ལམ་ཉམས་བཟོ་བྱས་པ་དང་། མ་དངུལ་སྒོར་ཁྲི་6.5ལྷག་ཙམ་བཏང་ནས་གྲོང་ཚོའི་མང་ཚོགས་ཡོངས་ལ་སྲིང་བལ་མལ་ཆས་ཉོ་རོགས་བྱས་པ། མ་དངུལ་སྒོར་ཁྲི་4བཏང་ནས་སྒང་དགུ་གྲོང་ཚོའི་མང་ཚོགས་ལ་ཐབ་ཆས་ཉོ་རོགས་བྱས་པ་རེད། གཞན་ཡང་། གྲོང་སྡོད་ལས་དོན་རུ་ཁག་གིས་རང་འགུལ་ངང་གྲོང་ཚོ(གྲོང་ལྷན)གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་བྱ་སྤྱོད་དང་། དཀལ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་པ། “རྒན་གྲས་གསུམ”ཀྱི་མི་སྣར་ཞལ་འདེབས་རྒྱག་པ་སོགས་ཀྱི་བྱེད་སྒོར་ཞུགས་པར་བརྟེན། མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད་པ་རེད།

    གྲོང་སྡོད་ལས་དོན་རུ་ཁག་གིས་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་ནས་རུན་སྤུངས་སྒང་གྲོང་ཚོའི་གཏོར་སྐྱོན་ཕོག་པའི་ཆུ་འདྲེན་མདོང་ལམ་དང་ཆུ་རྫིང་ནས་ཆུ་འཛིར་བ་སོགས་ཀྱི་གནད་དོན་སེལ་བ་དང་གྲོང་ཚོ་དེའི་ཐོན་ལས་རྟེན་གཞི་དང་ལྷག་པར་དུ་འགྱིག་ཤོག་དྲོད་ཁང་ཆེ་མོར་ཆུ་དཀོན་པ་དང་བློ་བསྟན་བོད་བྱ་མཉམ་ལས་ཁང་དུ་ཆུ་དཀོན་པའི་དཀའ་གནད་སོགས་བསལ་བ་རེད། སྒང་དགུ་གྲོང་ཚོའི་ཚལ་ཚོང་ས་དང་། ཀ་ལིང་སྒང་གྲོང་ཚོ་དང་རུན་སྤུངས་སྒང་གྲོང་ཚོའི་ཇ་ཁང་གྲོ་མོ་སྟོད་ཤང་གི་ཞིང་ལས་ཉོ་ཚོང་ཁྲོམ་རར་སྤོ་རུ་བཅུག་ནས་ཁྲོམ་རའི་ཚོང་གཉེར་ཚད་ལྡན་དུ་བཏང་བ་སོཌ་དམིཌ་སའི་རང་བཞིན་ལྡན་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་བརྟེན་མང་ཚོཌ་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པས་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་རྫོང་དང་ཤང་གི་ཞིབ་ཕྲའི་བླང་བྱར་ནན་པོ་གཞིགས་ནས། གྲོང་སྡོད་ཀྱི“གཙོ་གནད་ལས་འགན་ཁག་བདུན”ཡག་པོ་བསྒྲུབས་ནས་ཐབས་བརྒྱ་ཇུས་སྟོང་དང་བློ་གཅིག་སེམས་གཅིག་གིས་བྱ་བཟང་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་རེད། (པ་ཕན་གྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།