[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”ལ་དངོས་ཕན་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    ད་ཕན་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས་གཞི་རྟེན་གསར་དུ་བཏོད་ནས་དམིགས་པ་དང་། འགོ་འཛུགས་པ། ཤུཌ་རྒྱག་པ་བཅས་དང་སྐུལ་ཁྲིད་གསུམ་དམ་འཛིན་བྱ་གཞིར་བྱས་ཏེ་སློབ་སྦྱོང་སློབ་གསོ་དང་བརྗོད་དོན་གཙོ་བོའི་བྱེད་སྒོར་དངོས་ཕན་ཐོབ་པའི་འགན་ལེན་བྱས་པ་རེད།

    གཟབ་ནན་ལ་དམིགས་ནས་བྱ་སྤྱོད་ཚང་མ་ལག་ལེན་དུ་འཁྱོལ་བར་སྐུལ་ཁྲིད་བྱས་ཤིང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན། 《ཚད་གཞི》དང《སྲོལ་ཡིག》བཅས་སློབ་སྦྱོང་གཏིང་ཟབ་ལ་དམིགས་ནས་ཏང་ཡོན་ལས་བྱེད་པའི་བསམ་བློའི་འཁྱེར་སོར་དམ་འཛིན་དང“འདུ་ཤེས་བཞི”བརྟན་པོར་བཙུགས་ཏེ་ཏང་མིས་ཏང་གི་སྐད་ཆ་ཤོད་པ་དང་། ཏང་མིས་ཏང་ལ་སེམས་ཁྲལ་བྱེད་པ། ཏང་མིས་ཏང་གི་བྱ་གཞག་སྒྲུབ་པ་བཅས་བྱས་ཡོད། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་སློབ་སྦྱོང་སློབ་གསོའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་འབྲེལ་གཏུག་ས་ཚིགས་ཀྱི་ལམ་ལུགས་བཙུགས་ཏེ་དུས་ངེས་མེད་ལ་བརྟག་ཞིབ་དང་ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་རེད།

    ཞིབ་ཕྲ་ནས་འགོ་བཙུགས་ཏེ་ཏང་ཡོན་ཚང་མར་སྐུལ་ཁྲིད་བྱས་ཤིང་། ཀྲི་པུའུ་ཚན་པར་བྱས་ནས“ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ལམ་ནན་པོ་སྲུང་བ་དང་ཏང་ཡོན་གྱི་རྒྱུན་གཏན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ”དང“མིག་ལྟོས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ”“རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ”སོགས་ཆེད་དོན་བྱེད་སྒོ་སྤེལ་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་གཅིག་སྡུད་སློབ་སྦྱོང་དང་ཆེད་དོན་གྲོས་བསྡུར་བྱས་པ་དང་འབྲེལ། བསམ་བློའི་མྱོང་ཚོར་བྲིས་ནས་ཏང་ཡོན་ཚང་མས“ད་བརྒལ་གྱི་བསམ་བློ་གཏོང་བ་དང་བྱ་སྤྱོད་སྔ་སྣུར་དུ་སྤེལ་བ”དང་བསམ་བློ་དང་། རྩ་འཛུགས། ལས་དོན་བཅས་ཀྱི་ངོས་ནས་སྙིང་སྟོབས་འཕེལ་བ་དང་བྱས་རྗེས་གསར་པ་འཇོག་ཐུབ་པ་བྱས་ཡོད།

    དམིགས་སར་ཤུགས་བརྒྱབ་སྟེ་ཀྲི་པུའུ་ཚང་མས་ལས་དོན་སྒྲུབ་པར་སྐུལ་ཁྲིད་བྱས་ཤིང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་བྱས་ཏེ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ལག་ལེན་ནན་པོ་བསྟར་བ་དང་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་དང་། བྱེད་སྒོའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། བྱེད་སྒོའི་རྣམ་པ་གསར་དུ་གཏོད་པ། བྱེད་སྒོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་ཤུགས་བརྒྱབ་ནས་ཏང་ནང་ཁུལ་གྱི་འཚོ་བའི་ཆབ་སྲིད་རང་བཞིན་དང་། རྩ་དོན་རང་བཞིན། འཐབ་རྩོད་རང་བཞིན་བཅས་ཀྱི་ཆུ་ཚད་གོང་མཐོར་ཏན་ཏིག་བཏང་སྟེ“གདོང་ལེན་གྱི་བྱ་སྤྱོད་བཞིའི་བྱེད་སྒོ”གསར་གཏོད་ངང་སྤེལ་བ་དང་། ཏང་ཀྲི་པུའུ་ཚང་མའི་བྱེད་པོའི་ནུས་པ་བཏོན་ནས་སྣེ་ཡག་པོ་ཁྲིད་པ་དང་འགོ་ཡག་པོ་བཙུགས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་གནད་སྨིན་དབུལ་སྐྱོར་དང་། ཁོར་ཡུག་ལེགས་གཏོང་། མང་ཚོགས་ལ་ཞབས་ཞུ། དམངས་གཅེས་མཐའ་བརྟན་སོགས་ལས་དོན་ཁྲོད་གདོང་ལེན་བྱེད་པ་དང་། མདུན་གྲལ་དུ་སྐྱོད་པ། མིག་དཔེ་འདོན་པ་བཅས་ལ་ཁྲིད་སྟོན་བྱས་ཐོག་ཀྲི་པུའུ་ཚང་མས་ལས་དོན་སྒྲུབ་པ་དང་། གཟབ་ནན་སོགས་ཐུབ་པ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།