[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འཕྱོངས་རྒྱས་རྫོང་གིས།

    སྐད་འཕྲིན་སྤྱི་རྟགས་བརྒྱུད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    ཉེ་ཆར་འཕྱོངས་རྒྱས་རྫོང་གིས་ལས་བྱེད་ལས་བཟོ་ཡོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སློབ་སྦྱོང་བྱས་འབྲས་ལ་ཞིབ་བཤེར་བྱ་ཆེད། སྐད་འཕྲིན་སྤྱི་རྟགས་ནས་རྒྱུགས་གཏོང་བའི་བྱ་ཐབས་སྤྱད་དེ་རྒྱུགས་ར་བགོ་བ་དང་འདྲི་གཞི་འདོན་པ་སོགས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལས་ཁུངས་ཁག་ལ་སྐད་འཕྲིན་ནས་རྒྱུགས་བླངས་པ་རེད།

    གྲོང་སྡོད་ལས་བྱེད་པ་ལུང་ཀུའེ་ཧྥང་རང་ལས་ཁུངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ལ་ཞུགས་ཤིང་། ཁོང་གིས“གྲོང་ཚོར་ཡོད་ནའང་སྐད་འཕྲིན་བརྒྱུད་ནས་སློབ་སྦྱོང་དང་རྒྱུགས་གཏོང་ཐུབ་ཀྱི་འདུག གོམ་སྟབས་རྗེས་མར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྒྱ་ཆེའི་གཞི་རིམ་མང་ཚོགས་ལ་དེ་བས་གོ་རིམ་ལྡན་པ་དང་གནད་སྨིན་ངང་བརྒྱུད་བསྒྲགས་བྱ་རྒྱུ་ཡིན”ཞེས་བཤད།

    འཕྱོངས་རྒྱས་རྫོང་ཆུ་བེད་ཅུས་ཀྱི་ལས་བྱེད་ལས་བཟོ་ཚོ་ཡིག་རྒྱུགས་ལ་ཞུགས་རྗེས་གཅིག་རྗེས་གཉིས་མཐུད་ངང“སློབ་སྦྱོང་བྱེད་སྟངས་འདིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྔར་བས་ཁོང་དུ་ཆུད་ཐུབ་སོང”ཞེས་བཤད། འཕྱོངས་རྒྱས་རྫོང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་ལི་ཨའེ་ཧྭ་ཡིས“སྐད་འཕྲིན་ནས་སློབ་སྦྱོང་བྱེད་པའི་རྣམ་པ་བརྒྱུད། ང་ཚོའི་ཚན་པའི་ལས་བྱེད་ལས་བཟོ་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཧུར་སེམས་སྐོང་འཐེན་ཐུབ་ནས་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་པོ་བསྟན་ཡོད”ཅེས་བཤད།

    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་འཕྱོངས་རྒྱས་རྫོང་གི་ལས་བྱེད་ལས་བཟོ་ཚོས་སྐད་འཕྲིན་སྤྱི་རྟགས་བརྒྱུད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐེངས་ཁྲི་3ཙམ་སློབ་སྦྱོང་བྱས་པ་དང་། སློབ་སྦྱོང་གི་ནང་དོན་ཁྲི་5ཙམ་བསྐུར་བས། ཀློག་ཚད་ཁྲི་10ཡན་དང་ཞུགས་ཚད་100%ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།