[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་གཅིག་གྱུར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་རྟགས་འདེམས་པའི་མ་ལག་སྤྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    ཉེ་ཆར་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་གཅིག་གྱུར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་རྟགས་འདེམས་པའི་མ་ལག་དངོས་སུ་སྤྱད་ནས་C·FནསC·Kབར་གྱི་འཁོར་རྟགས་ཚང་མ་འཁོར་རྟགས་འདེམས་ཆས་ནང་འཇོག་རྒྱུ་དང་འཁོར་རྟགས་ཁྲི་5ཡོངས་བསྒྲགས་ཐོག་སྤྱི་ཚོགས་སུ་འདོན་རྒྱུ་རེད། རྩིས་རྒྱག་འཕྲུལ་འཁོར་ནས་སྐབས་བསྟུན་ངང་འདེམས་པ་དང་། རང་འགུལ་ངང་ཁ་གསབ་བྱེད་པ། “འཁོར་རྟགས་50ཡི་ནང་ནས་འཁོར་རྟགས་1”སྐབས་བསྟུན་ངང་འདེམས་པ་བཅས་བྱས་པ་བརྒྱུད། འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་རྟགས་འདེམས་པའི་མ་ལག་རྒྱལ་ཡོངས་གཅིག་གྱུར་དང་། འདེམས་ཆས་འཛུགས་པ་དང་སྲུང་སྐྱོང་གཅིག་གྱུར། ཨང་གྲངས་ལ་ལྟ་སྐུལ་དོ་དམ་གཅིག་གྱུར་བཅས“གཅིག་གྱུར་གསུམ”མངོན་འགྱུར་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཁོར་རྟགས་འདེམས་པའི་མ་ལག་གསར་པ་སྤྱད་པ་དེ་ཐོག་ནས་འཁོར་རྟགས་སྤྲོད་རྒྱུ་ཡོངས་བསྒྲགས་དང་། བཏང་སྙོམས། གཞུང་དྲང་བཅས་བྱུང་ནས་འཁོར་རྟགས་འདོན་རྒྱུ་དེ་བས་ཁ་གསལ་ལུགས་མཐུན་དང་དམངས་སེམས་དང་མཐུན་པ་བྱུང་བ་མཚོན་ཡོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཚད་ལྡན་དང་ལུགས་མཐུན་གྱི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཀྱང་གང་ལེགས་མངོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།