[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་དྲ་སྦྲེལ་ཏང་གི་ལས་དོན་ཨུ་ལྷན་གྱིས་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-07

     ཉེ་དུས། ལྗོངས་དྲ་སྦྲེལ་ཏང་གི་ལས་དོན་ཨུ་ལྷན་གྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་དྲ་འཕྲིན་ཁོངས་གཏོགས་ཀྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཏིང་ཡེ་ཤན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་དྲ་འཕྲིན་ཁོངས་གཏོགས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དེ་བཞིན་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ཚུལ་ཉན་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་དྲ་སྦྲེལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་སྤེན་པ་བཀྲ་ཤིས་ཚོགས་འདུར་ཕེབས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཡོངས་ཀྱི་དྲ་སྦྲེལ་ཁོངས་གཏོགས་ཀྱིས་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་གཅིག་གྱུར་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱར་ནན་པོར་གཞིགས་ནས་ཚད་མཐོའི་མཐོང་ཆེན་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་པ། ལས་འགན་གསལ་བཟོ་བཅས་བྱས་ཏེ་ཆེད་དོན་བཅོས་སྒྲིག་ལས་དོན་ཏན་ཏིག་ནུས་ལྡན་ངང་སྤེལ་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།