[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ​པད་མ་དབྱངས་ཅན།

    ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཐའ་མཚམས་ཀྱི་ས་ཕྱོགས་གང་སར་ཁྱབ་པར་བྱ་རྒྱུ་ཡིན།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཀྲང་ཁྲེང་།    |    སྤེལ་དུས།   2017-12-01

    “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གཟིགས་རྒྱང་རིང་པོས་མ་འོངས་དུས་མཚམས་ཤིག་གི་འཕེལ་རྒྱས་དམིགས་ཚད་བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་གནང་སྟེ། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་གྱི་ལས་དོན་ཁག་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད”ཅེས་ཤང་གི་ལས་བྱེད་པར་སྒྲིག་འཛུགས་བྱས་པའི་སྒྲོག་འགྲེལ་ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མང་ཤང་གི་ཤང་ཀྲང་པད་མ་དབྱངས་ཅན་གྱིས་སེམས་ཤུགས་ཀྱིས་ཁེངས་བཞིན་དུ་དེ་ལྟར་གསུངས།

    པེ་ཅིང་དུ་ཚོགས་འདུར་ཞུགས་ནས་ཕ་ཡུལ་དུ་ལོག་རྗེས་པད་མ་དབྱངས་ཅན་གྱིས་ལམ་སེང་ཇ་ར་དང་། སོ་ལྟ་ཁང་། གྲོང་ཚོ་དང་དུད་ཚང་བཅས་སུ་བསྐྱོད་ནས་ཉེ་འགྲམ་གྱི་ལས་བྱེད་དང་མང་ཚོགས་ལ་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་སྦྱིན།

    ཤང་གི་ཇ་རའི་ནང་སྒྲོག་འགྲེལ་བྱེད་བཞིན་པའི་པད་མ་དབྱངས་ཅན་གྱི་མཐའ་སྐོར་དུ་གྲོང་མི་རུབ་ནས་བསྡད་ཡོད་པ་དང་། ཚང་མས་རང་ཉིད་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཚ་ཚ་འུར་འུར་ངང་སྐད་ཆ་དྲིས། “གྲོང་གསེབ་འཕེལ་རྒྱས་ཐད་ཀྱི་ཀྲུང་དབྱང་གི་དགོངས་པ་གསར་ཤོས་གང་ཡིན་ནམ”ཞེས་མག་མང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་གིས་རེ་སྒུག་ཆེན་པོས་དེ་ལྟར་དྲིས།

    “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ཡིན་པ་བཏོན་གནང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཞིང་པའི་རྒྱུ་ནོར་ཁེ་དབང་འགན་སྲུང་དང་། མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད། ཁྱེད་གྲོང་ཚོའི་ཀྲུའུ་རེན་ཡིན་པས། ད་ནས་བཟུང་ལས་ཀ་ཧ་ཅང་མང་པོ་ལས་རྒྱུ་ཡོད”ཅེས་པད་མ་དབྱངས་ཅན་གྱིས་དེ་ལྟར་གསུངས།

    “ཕྱིས་འབྱུང་ན་ཚ་ལྟ་སྐབས་ལས་སླ་རུ་འགྲོ་སྲིད་དམ”ཞེས་གྲོང་མི་སྤེན་པ་དགྲ་འདུལ་གྱིས་དེ་ལྟར་དྲིས་པར།

    པད་མ་དབྱངས་ཅན་གྱིས“ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་མཁོ་ཆོད་སྨན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་བཏོན་གནང་བས། སླད་ཕྱིན་ང་ཚོ་ནད་གཞི་ལྟ་སྐབས་སྔར་བས་ལས་སླ་རུ་འགྲོ་སྲིད་པ་མ་ཟད། སྔར་ལས་སྤུས་ཀ་དག་པའི་སྨན་བཅོས་ཞབས་ཞུའང་ལོངས་སྤྱོད་ཐུབ་རྒྱུ་རེད”ཅེས་གསུངས།

    “ང་ཚོས་ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་ན་སླད་ཕྱིན་དེ་ལས་ལེགས་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡོད་དམ”དང“མོན་པ་རིགས་ཀྱི་རིག་གནས་རྒྱུན་འཛིན་ཐད་བྱ་ཐབས་སྔར་ལས་བཟང་བ་ཡོད་དམ”ཞེས་པ་སོགས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་པད་མ་དབྱངས་ཅན་གྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ནས་རེ་རེ་བཞིན་གསལ་འགྲེལ་བྱས་པ་མ་ཟད། ཟིན་བྲིས་ཀྱང་བཀོད་པ་རེད།

    དུད་ཚང་དབུལ་པོ་ཡིན་པའི་ཚེ་དར་གྱི་ཁྱིམ་དུ་པད་མ་དབྱངས་ཅན་གྱིས་དམངས་ཕན་དེབ་འཁྱེར་ནས་ཕན་པ་གང་ནས་ཐོབ་པའི་ནང་དོན་རེ་རེ་བཞིན་གསལ་འགྲེལ་བྱས། “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པ་བྱེད་དགོས་པ་དང་། འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྗེས་ཏང་ཡོངས་ཀྱིས་ད་དུང་དུས་མཚམས་གཉིས་ལ་དབྱེ་ནས་མུ་མཐུད་འབད་འཐབ་བྱས་ཏེ་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་དགོས་པ་བཏོན་གནང་བས། འབྱུང་འགྱུར་གྱི་འཚོ་བ་སྔར་ལས་ཡག་ཏུ་འགྲོ་རྒྱུ་རེད”ཅེས་གསུངས།

    པད་མ་དབྱངས་ཅན་གྱི་སྐད་ཆ་ཉན་རྗེས་ཚེ་དར་དགའ་སྤྲོ་རབ་ཏུ་འཁོལ་ནས“རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་འདི་འདྲ་ཡོད་པས། ང་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཡོང་བ་བྱེད་དགོས་པ་ལས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཁོ་ནར་བརྟེན་མི་རུང”ཞེས་བཤད།

    ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི་རེ་འདུན་བཟང་པོས་པད་མ་དབྱངས་ཅན་ལ་སྐུལ་ལྕག་ཟབ་མོ་ཐེབས་པ་དང་། རང་ཉིད་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡིན་པས་པད་མ་དབྱངས་ཅན་སྤོབས་སེམས་ཆེན་པོ་སྐྱེ་ཡི་ཡོད། སླད་ཕྱིན་ཁོང་གིས་ད་དུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་དཔྱིས་ཕྱིན་པ་བླངས་ནས་རང་ཉིད་ཀྱི་ལས་གནས་ཐོག་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་ཡག་པོ་དང་ལག་བསྟར་ཡག་པོ་བྱ་རྒྱུ་མ་ཟད། གཞི་རིམ་གྱི་ས་ཕྱོགས་མང་པོར་བསྐྱོད་ནས་སྒྲོག་འགྲེལ་ཡང་བྱ་རྒྱུ་ཡིན་པ་རེད།

    “ངས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཐའ་མཚམས་ཀྱི་ས་ཕྱོགས་གང་སར་ཁྱབ་པ་བྱ་རྒྱུ་ཡིན”ཞེས་པད་མ་དབྱངས་ཅན་གྱིས་དེ་ལྟར་གསུངས།པད་མ་དབྱངས་ཅན།

    ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཐའ་མཚམས་ཀྱི་ས་ཕྱོགས་གང་སར་ཁྱབ་པར་བྱ་རྒྱུ་ཡིན།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཁྲེང་གིས།

    ཚོགས་ཆེན་བཅུ་དགུ་པའི་འཐུས་མི་གཞི་རིམ་དུ་ལོག་པ།

    “ངས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཐའ་མཚམས་ཀྱི་ས་ཕྱོགས་གང་སར་ཁྱབ་པ་བྱ་རྒྱུ་ཡིན”ཞེས་པད་མ་དབྱངས་ཅན་གྱིས་དེ་ལྟར་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།