[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-01

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་པའི་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་བཏོན་པ་དེའི་ཐོག་ནས། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་མཚོན་པ་དང་། དེ་ནི་ལོ་རྒྱུས་དང་དངོས་ཡོད་ཟུང་འབྲེལ་དང་། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ནས་དབྱེ་ཞིབ་བྱས་པ་ལས་ཐོན་པའི་ཡང་དག་པའི་སྡོམ་ཚིག་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཕུགས་ཕན་འཐབ་ཇུས་བཟོ་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན།

    རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་ཕྱིན་པའི་གཞི་འཛིན་ས་གཙོ་བོ་གང་ཡིན་ནམ།

    ལན། གཅིག་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཙམ་འཕེལ་རྒྱས་ཕྱིན་པ་བརྒྱུད། རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་སྤྱིར་ན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཕྱོགས་མང་པོའི་ཐད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། རང་རྒྱལ་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2010ལོ་ནས་བཟུང་འཛམ་གླིང་གི་ཨང་གཉིས་པ་དང་། དངོས་ཟོག་ཕྱིར་གཏོང་ནང་འདྲེན་དང་ཞབས་ཞུ་ཉོ་ཚོང་གི་བསྡོམས་འབོར་གཉིས་ཀ་འཛམ་གླིང་གི་ཨང་གཉིས་པ། ཕྱི་ཕྱོགས་ལ་མ་འཇོག་བྱེད་ཚད་འཛམ་གླིང་གི་ཨང་གཉིས་པ་དང་ཕྱིའི་མ་དངུལ་བེད་སྤྱོད་གཏོང་ཚད་འཛམ་གླིང་གི་ཨང་གསུམ་པ། བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་ལོ་7བསྟུད་མར་འཛམ་གླིང་གི་ཨང་དང་པོ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཁག་གཅིག་འཛམ་གླིང་གི་མདུན་གྲལ། མྱུར་བགྲོད་ལྕགས་ལམ་འཁོར་སྐྱོད་ཚོང་གཉེར་གྱི་སྤྱིའི་རིང་ཚད་དང་། མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད། གྲུ་ཁ་ནས་འདོན་འཇུག་བྱེད་ཚད་བཅས་ཚང་མ་འཛམ་གླིང་གི་ཨང་དང་པོ་བཅས་སུ་སླེབས་ཡོད། བཟོ་ལས་དང་ཞིང་ལས་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ནས་བཟོ་ལས་དང་ཞིང་ལས་ཀྱི་ཐོན་རྫས་གཙོ་བོ་སྣ་ཁ་220ལྷག་ཙམ་གྱི་ཐོན་སྐྱེད་བྱེད་ཤུགས་འཛམ་གླིང་གི་ཨང་དང་པོ་ཟིན་པ་དང་ཐོན་རྫས་ཁག་གཅིག་ཐ་ན་ལྷག་མ་མང་པོ་བྱུང་ཡོད། འདིའི་ཐོག་ནས་རང་རྒྱལ་གྱི་དུས་ཡུན་རིང་པོའི་དཀོན་ཉུང་དཔལ་འབྱོར་དང་མཁོ་སྤྲོད་མི་འདང་བའི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་ཕྱིན་པ་མཚོན་ཡོད་པས་ད་དུང“རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད”ཅེས་ཟེར་ན་དོན་དངོས་དང་མཐུན་གྱི་མེད།

    (སང་ཉིན་མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།