[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་སྐོར་སྐྱོད་སྒྲོག་འགྲེལ་ལ་ལྷོ་ཁར་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-30

    ཉིན་ཤས་བསྟུད་མར། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་། མཐའ་མཚམས་ཤང(གྲོང་རྡལ) དཔུང་སྡེ། སློབ་གྲྭ སྡེ་ཁུལ་བཅས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དོན་སྙིང་གལ་ཆེན་དང་། རང་ལྗོངས་ཀྱི་མཐའ་བརྟན་དམངས་ཕྱུག་གི་བྱེད་ཐབས་གལ་ཆེན། གཅེན་གཅུང་གཉིས་ཁྱིམ་ཚང་གི་མི་རབས་དུ་མས་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་སོགས་བརྗོད་དེ་གྲོང་ཁྱེར་དེ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོའི་སྙིང་སྟོབས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་བསྐྲུན་མཁན་ཞིག་བྱེད་དགོས་པའི་སྒྲོག་འགྲེལ་གཏིང་ཟབ་བྱས་པ་རེད།

    དགུན་དུས་སུ་ལྷོ་ཁ་ཁ་བས་བཀླུབས་རུང་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ལས་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་སེམས་དྲོ་སོབ་སོབ་ཏུ་གྱུར་ཡོད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ཡིག་འབྲུ་རེ་རེ་བྱས་ཏེ་བརྒྱུད་བསྒྲགས་བྱེད་སྐབས་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མའི་མཛུབ་སྟོན་ཐོས་པ་ལྟར་བྱམས་བརྩེ་དང་དྲོ་སྐྱིད་ལྷག་པར་ཚོར། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོས་འགྱུར་ཁུག་སྙན་ལ་བརྩེ་དུང་ཟབ་མོས་ཁོང་ཚོའི་ཁྱིམ་ཚང་གི་མི་རབས་དུ་མས་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བའི་གཏམ་རྒྱུད་བརྗོད་སྐབས་ལས་བྱེད་མང་ཚོགས་ཚོ་སེམས་འགུལ་ཚད་མེད་ཐེབས་ཏེ་མིག་ཟུང་མཆི་ཞག་གིས་བཀང་། སྣེ་གདོང་ཆུས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་བསྟན་འཛིན་གྱིས“ཁོང་ཚོའི་གཏམ་རྒྱུད་དེ་མི་སེམས་འགུལ་བ་ཞིག་འདུག པ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་མཐའ་མཚམས་སུ་གཞིས་ཚུགས་ཏེ་ལོ་བཅུ་ཕྲག་ཉིན་གཅིག་ལྟར་གྲང་ངར་དང་གངས་ལྷག་ལ་མ་འཛེམས་པར་ཕྱུགས་འཚོས་ནས་མཐའ་མཚམས་བསྲུངས། ཁོང་ཚོའི་སྙིང་སྟོབས་ཀྱིས་མིག་སྔར་སྐུལ་མ་ཐེབས་པ་མ་ཟད་མི་རབས་ནས་མི་རབས་བར་རྒྱུད་འཛིན་ཐུབ་པ་བྱ་རྒྱུ་རེད”ཅེས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་གྱིས་ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཆེའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་སྐུལ་མ་ཆེན་པོ་ཐེབས་པ་དང་སྒུལ་ཤུགས་ཚད་མེད་བསྣན་ནས་ཚང་མས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་ལྟར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་ཐོག་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་བསྐྲུན་མཁན་ཞིག་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་གནང་བའི་ཐུགས་ཁུར་དང་གཟིགས་སྐྱོང་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།