[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་ཞིང་འབྲོག་ཁོངས་གཏོགས་ཀྱིས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-30

    ཉེ་ཆར། བོད་ལྗོངས་ཞིང་འབྲོག་ཁོངས་གཏོགས་ཀྱིས་སྤྱི་བདེ་དང་། བཟོ་འཕྲིན། ཚོང་དོན། བཟོ་ཚོང་། སྤུས་ཚད་ལྟ་སྐུལ་སོགས་སྡེ་ཚན་དང་མཉམ་འབྲེལ་ཧུར་ཐག་བྱས་ནས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྟོན་དུས་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་རེད།

    བྱ་སྤྱོད་སྤེལ་བའི་ཁྲོད། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མ་དབྱེ་འབྱེད་བྱེད་པའི་རྒྱུན་ཤེས་དྲིལ་བསྒྲགས་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁྲོམ་རར་ཞིབ་བཤེར། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་གཉེར་སྐྱོང་གི་སྒྲིག་ལམ་ཚད་ལྡན། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་སྤུས་ཚད་དཔེ་འཐེན་ཞིབ་བཤེར་སོགས་ཀྱི་ལས་དོན་སྤེལ་ཞིང་། ཁྱོན་བསྡོམས་གཉེར་སྐྱོང་ཐོན་སྐྱེད་ཁེ་ལས་230ལ་ཞིབ་བཤེར་བྱས་པ་དང་། ཁྲིམས་སྐྱོང་མི་ཐེངས་560བཏང་བ། ས་བོན་དང་། ཞིང་སྨན། རྫས་ལུད། ཕྱུགས་སྨན། ཞིང་འཕྲུལ་ཡོ་བྱད་སོགས་རིགས་ཆེན་པོ་6གི་སྣ་ཁ་བརྒྱ་ལྷག་ཙམ་ལ་ཞིབ་བཤེར་བྱས་པས། དུས་ཚོད་ཡོལ་བའི་ཞིང་སྨན་དང་ཕྱུགས་སྨན་ཤེལ་དམ(འགྱིག་ཤོག)103དང་། སྔོ་ཚལ་དང་རྩྭ་སོན་སྤྱི་རྒྱ་0.35རྩད་ཆོད་པ་དང་། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་ཁྲི་2ལྷག་ཙམ་སྤྲད་པ་མ་ཟད། རང་སྐྱོང་ལྗོངས་ཞིང་སྨན་མཛོད་ཁང་དང་། ལྷོ་ཁ་དང་ལྷ་སའི་ཞིང་སྨན་ཁྲོམ་རར་ཞིང་སྨན་མ་དཔེ་ཁག་26སྐབས་བསྟུན་འཐེན་བཤེར་བྱས་ནས། ཧྲན་ཏུང་ཞིང་ཆེན་ཞིང་སྨན་ཞིབ་དཔྱད་གཏན་འཁེལ་སུའོ་ལ་ཞིབ་དཔྱད་བྱ་རྒྱུའི་མངགས་བཅོལ་བྱས་པས། བོད་རང་སྐྱོང་ལྗོངས་སུ་ཞིང་སྨན་བེད་སྤྱོད་བྱས་པའི་གཞི་གྲངས་གཞི་རྩའི་ཆ་ནས་ཤེས་རྟོགས་ཐུབ་པ་དང་ཐོན་སྐྱེད་ཁྲོད་བེད་སྤྱོད་པའི་ཞིང་སྨན་གྱི་སྤུས་ཚད་དང་ཉེན་ཁའི་རྐྱེན་ཆ་ཁོང་དུ་ཆུད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།