[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རི་བོ་ཆེ་རྫོང་གིས་ཉེས་ཆད་དུས་ཚད་གཙང་ནས་གློད་འགྲོལ་བཏང་བའི་མི་སྣར་དབུལ་སྒྲོལ་བྱེད་ཐབས་གསར་པ་འཚོལ་ཞིབ་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-15

    ཉེ་བའི་ལོ་ཤས་རིང་རི་བོ་ཆེ་རྫོང་གིས་བཀོད་སྒྲིག་དང་རོགས་སྐྱོར་སློབ་གསོའི་ལས་དོན་སྤེལ་རིང་ཉེས་ཆད་དུས་ཚད་གཙང་ནས་གློད་འགྲོལ་བཏང་བའི་མི་སྣས་རང་བརྟེན་ལས་གཏོད་བྱ་རྒྱུར་རོགས་སྐྱོར་དང་འདེགས་སྐྱོར་བྱ་རྒྱུ་ཚད་བརྒལ་སར་བྱས་ཏེ་རི་བོ་ཆེ་རྫོང་གིས་བཀོད་སྒྲིག་དང་རོགས་སྐྱོར་སློབ་གསོའི་ཞིང་འབྲོག་པའི་ཨར་ལས་ཚད་ཡོད་འགན་འཁྲི་ཀུང་སི་གྲུབ་འབྲས་ཐོབ་པའི་ངང་བཙུགས་ཤིང་། ལོ་གསུམ་རིང་རིམ་རྩིས་བྱས་ན། ཉེས་ཆད་དུས་ཚད་གཙང་ནས་གློད་འགྲོལ་བཏང་བའི་མི་24ལ་ལས་ཀ་བཀོད་སྒྲིག་བྱས་པ་དང་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་བདུན་སྟོང་ལྷག་ཙམ་བྱུང་ཡོད། དེ་དང་ཆབས་ཅིག་ཉེས་ཆད་དུས་ཚད་གཙང་ནས་གློད་འགྲོལ་བཏང་བའི་མི་སྣ་ཁག་གཅིག་ཀྱང་སྤྱི་ཚོགས་ཐོག་བདེ་བླག་ངང་ལོག་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོའི་ཟླ་7པར་སྒོ་བྱང་བཀལ་ནས་བཙུགས་པའི་ཀུང་སི་དེས་ཉེས་ཆད་དུས་ཚད་གཙང་ནས་གློད་འགྲོལ་བཏང་བའི་མི་སྣའི་རྩལ་ནུས་གསོ་སྦྱོང་ནང་དོན་ལ་དམིགས་ཏེ་ཨར་ལས་ལས་གྲྭ་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་སྐྱེད་བཀོད་སྒྲིག་བྱས་ཤིང་། ལོ་གསུམ་རིང་རིམ་རྩིས་བྱས་ན། སྒོར་ཁྲི་200ལྷག་ཙམ་གྱི་ལས་གྲྭའི་རྣམ་གྲངས་ལག་ལེན་བསྟར་བར་ཁེ་སྤོགས་སྒོར་ཁྲི་20.85བྱུང་ཡོད། གཞན་ཡང་ལོ་ལྟར་ཀུང་སིས་རི་བོ་ཆེའི་མང་ཚོགས་དབུལ་པོར་འཚམས་འདྲིའི་དངུལ་སྒོར་ཁྲི་5སྤྲོད་ཀྱི་ཡོད། ད་ལོ་ནས་བཟུང་ཀུང་སིས་ཁེ་སྤོགས་ཁྲོད་ནས་20%འཕྲི་འཐེན་བྱས་ཏེ་དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་པའི་མ་དངུལ་ལ་བརྩིས་ནས་རི་བོ་ཆེའི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་རོགས་སྐྱོར་ཧུར་ཐག་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།