[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་གཞིས་རྩེ་ཡན་ལག་ཚོགས་པས་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-15

    ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་གཞིས་རྩེ་ཡན་ལག་ཚོགས་པས་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཏིང་ཡུང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།

    ཏིང་ཡུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་མ་ཡིག་ལ་དམ་པོར་གཞིགས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ཚོཌ་ཆེན་བཅུ་དགུ་པའི་དགོངས་དོན་ཁོང་དུ་ཡང་དག་ཆུད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་ལ་དམིགས་ཏེ། གྲངས་གཞི་འབོར་ཆེན་དང་གསོན་ཉམས་ལྡན་པའི་དཔེ་མཚོན་སྤྱད་དེ་དོན་ཟབ་ལ་གོ་བདེ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཆོད་སྡོམ་གསར་པ་དང་། དགོངས་པ་གསར་པ། ལས་འགན་གསར་པ། དམིཌ་ཚད་གསར་པ་བཅས་ལ་འགྲེལ་བཤད་བསྐྱོན་པ་རེད།

    ཀྲང་ཡན་ཆིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། ཏན་ཏིག་དོན་འཁྱོལ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་རྐང་འབུར་དུ་ཐོན་པ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་གནད་འབུར་དུ་ཐོན་པ་བྱས་ཏེ་གསལ་པོ་བརྗོད་དགོས་པ་བདུན་ཏན་ཏིག་སྒྲུབ་པ། ཕན་འབྲས་དངོས་འབུར་དུ་ཐོན་པ་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞིས་རྩེར་དོན་འཁྱོལ་ཡག་པོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    སྒྲོག་འགྲེལ་མཇུག་འགྲིལ་རྗེས་ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ཕྱོགས་ཡོངས་དང་ཆ་ལག་ཚང་བའི་ངོས་འཛིན་ཐུབ་བྱུང་། ང་ཚོས་ངེས་པར་དུ་དགོངས་པ་གསར་པ་ཁྲིད་སྟོན་དུ་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ནམ་ཡང་འབད་འཐབ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།