[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི“གཉིས་གཏོད”གཅིག་སྡུད་དཔེ་སྟོན་རྟེན་གཞིའི་ཏང་ཀྲི་པུའུ་དང་པོ་དེ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

     ཟླ་11ཚེས་3ཉིན་རང་ལྗོངས་ཀྱི“གཉིས་གཏོད”གཅིག་སྡུད་དཔེ་སྟོན་རྟེན་གཞིའི་ཏང་ཀྲི་པུའུ་དང་པོ་སྟེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་གཏོད་གསར་གཏོད་ཀྱི་གཅིག་སྡུད་དཔེ་སྟོན་རྟེན་གཞིའི་ཏང་ཀྲི་པུའུ་ཡི་ཡོལ་བ་ཕྱེ་ནས་བཙུགས་པ་རེད།

    ལྷ་ས་གྲོང་ཁྱེར་གྱི“གཉིས་གཏོད”ལས་ཀའི་སྤྱིའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ལས་གཏོད་གཞོན་ནུ་ཚུར་བསྡུ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་སྐྱེད་སྲིང་བྱས་ཏེ་རྒྱལ་ཡོངས་ཀྱི་རྩེ་གྲ་དང་ལྗོངས་ཡོངས་ཀྱི་སྔོན་ལ་སླེབས་པའི“གཉིས་གཏོད”ཀྱི་གཅིག་སྡུད་དཔེ་སྟོན་རྟེན་གཞི་བསྐྲུན་པ་དང་། རྔ་ཆེན་ཤང་དར་དམར་གྲོང་ཚོའི་སྨི་ངོས་གྲུ་ཁྲི་2ཡི་ཚོང་ལས་ཐོག་ཁང་ལ་བརྟེན་ནས་ཁྲེང་ཀོན་ཆུས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི“གཉིས་གཏོད”གཅིག་སྡུད་དཔེ་སྟོན་རྟེན་གཞི་རགས་ཙམ་བསྐྲུན་པ་རེད། རྨང་གཞི་དེའི་ཐོག་ཁྲེང་ཀོན་ཆུས་ཀྱིས“སྦྲེལ་ཐག་དམ་དུ་གཏོང་བ+སྣེ་འདྲེན་ལ་དམ་འཛིན+གསོན་ཤུགས་འཕེལ་བ”ནང་དོན་དུ་བྱས་པའི“གཉིས་གཏོད”ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་བསམ་ཕྱོགས་རིམ་བཞིན་ཆགས་ནས་ཁེ་ལས་70ལྷག་ཙམ་ལ་ཁྱབ་པའི་ཁྲེང་ཀོན་ཆུས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གཅིག་སྡུད་དཔེ་སྟོན་རྟེན་གཞི་སྦྲེལ་ཐག་ཏུ་བྱས་པ་དང་། ཁྲེང་ཀོན་ཆུས་ཀྱི་ཁྱབ་ཁོངས་ཀྱི“གཉིས་གཏོད”ཁེ་ལས་དང་ལས་གཏོད་དཔུང་ཁག་ཁྲོད་ཀྱི་ཏང་ཡོན་རྨང་གཞིར་བྱས་ཏེ“གཉིས་གཏོད”གཅིག་སྡུད་དཔེ་སྟོན་རྟེན་གཞིའི་ཏང་ཀྲི་པུའུ་བཙུགས་པ་རེད།

    གསར་དུ་འདེམས་བསྐོ་བྱས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་བོད་ལྗོངས་སྤྲིན་གྱི་ཕོ་ཉ་ཤེར་ཕྱིན་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བློ་བཟང་ཚེ་བརྟན་གྱིས་སླད་ཕྱིན་ལས་དོན་སྒྲུབ་སྐབས་གཅིག་སྡུད་དཔེ་སྟོན་རྟེན་གཞིའི་ཁེ་ལས་དང་ཏང་ཡོན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་ཏང་ཀྲི་པུའུ་འཛུགས་སྐྱོང་ཡག་པོ་བྱེད་པ་དང་། ཚན་ཁག་ལ་སྣེ་ཁྲིད་ཡག་པོ་བྱེད་པ། ཏང་ཡོན་ལ་དོ་དམ་ཡག་པོ་བྱེད་པ་བཅས་བརྒྱུད་ཏང་ཀྲི་པུའུ་འདི་ཁྲེང་ཀོན་ཆུས་ཏང་འཛུགས་སྐྱོང་ལས་ཀའི་གསར་དར་ལྟེ་གནས་ཀྱི་ཁྱབ་འགྱེད་འབྱུང་ཁུངས་སུ་གྱུར་པར་བྱས་ཏེ་ཁེ་ལས་སྐྱེད་སྲིང་དང་། ཏང་ཡོན་གསོ་སྐྱོང་། རྩ་འཛུགས་འཛུགས་སྐྱོང་བཅས་ཀྱི་སྐྱེད་སྲིང་ནུས་པ་གསུམ་འདོན་སྤེལ་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།