[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སེམས་ནུས་གཅིག་སྒྲིལ་གྱིས་ཐུན་མོང་གི་ངོས་འཛིན་ཆེ་རུ་གཏོང་བ་དང་འབད་འབུངས་ཆེར་བསྐྱེད་ཀྱིས་འཆར་གཞི་འདིང་བ།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་གསུམ་ལྡན་གྲོང་ཚོར་སྒྲོག་འགྲེལ་བྱས་པའི་ཟུར་བཀོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    451726_yis_1510544375541.jpg

    ཟླ་11ཚེས་10ཉིན་གྱི་སྔ་དྲོ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་སྒྱུར་བཅོས་གཞུང་དོན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་མུའུ་ཧུང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གསུམ་ལྡན་གྲོང་ཚོར་ཕེབས་ནས་གྲོང་མི་དང་ལྷན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་ལ་མཉམ་འགུལ་སྤེལ་རེས་གནང་བ།

    ཟླ་11པའི་ཟླ་འགོའི་ལྷ་སའི་ནམ་མཁའ་སྔོ་ཞིང་དྭངས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་གྲོང་ཚོའི་ནང་སྒྲོག་འགྲེལ་གནང་བར་ཕེབས་རྒྱུའི་སྐོར་ཐོས་པ་དང་རང་ལྗོངས་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་ཡུལ་དང་པོ་ཡིན་པའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་ཤང་གི་གསུམ་ལྡན་གྲོང་ཚོར་ཞོགས་པའི་ཉི་གཞོན་འཕྲོས་པའི་སྐབས་གྲོང་མི་ཚོས་སྔ་ས་ནས་སྒྲོག་འགྲེལ་ཚོགས་པ་ཕེབས་རྒྱུར་གྲ་སྒྲིག་ཨང་བསར་བྱས་ཏེ་སྒུག་པ་དང་ཁོང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པར་དོ་ཁུར་ཆེན་པོ་བྱེད་པ་དང་དེ་བཞིན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་འབྲེལ་ཡོད་སྲིད་ཇུས་ལ་གོ་བ་ལེན་རྒྱུའི་རེ་སྒུག་ཆེན་པོ་བྱེད་པ་མངོན་གྱི་ཡོད།

    སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་དུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་སྒྱུར་བཅོས་གཞུང་དོན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་མུའུ་ཧུང་གིས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱི་ཕེབས་རོགས་འོག་གསུམ་ལྡན་གྲོང་ཚོར་ཕེབས་ནས་ཐོན་ལས་ལ་གཟིགས་པ་དང་། དབུལ་སྒྲོལ་གླེང་བ། དགོངས་དོན་འགྲེལ་བཤད་བསྐྱོན་པ་བཅས་གནང་སྟེ་གཞི་རིམ་ཏང་ཡོན་དང་ལས་བྱེད་མང་ཚོགས་དང་ངོ་འཕྲད་གདོང་ཐུག་ངང་མཉམ་འགུལ་སྤེལ་རེས་གནང་བ་རེད།

    གསུམ་ལྡན་གྲོང་ཚོའི་བཞོན་མ་གསོ་ཚགས་མཉམ་ལས་ཁང་དུ་ཕེབས་མ་ཐག་རྟ་དཀར་ཤང་གི་ཤང་ཀྲང་མའོ་ཤིན་གྱིས་མུའུ་ཧུང་ལ“‘སྤོ་ཐུབ་པ་དང་། བརྟན་པོ་གནས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས’མངོན་འགྱུར་བྱ་ཆེད་ཆུ་ཤུར་རྫོང་གིས‘གནས་སྤོ་དང་ལས་ཞུགས’གོམ་སྟབས་གཅིག་མཚུངས་ངང་འཕེལ་རྒྱས་བཏང་ནས་ཡུལ་གཞན་དུ་དབུལ་སྐྱོར་གྱི་ཐོན་ལས་རྣམ་གྲངས་ཏེ་བཞོན་མ་གསོ་ཚགས་མཉམ་ལས་ཁང་དང་བོད་བྱ་གསོ་ཚགས་མཉམ་ལས་ཁང་དང་དེ་བཞིན་ཞིང་འབྲོག་པའི་འདེབས་འཛུགས་མཉམ་ལས་ཁང་བསྐྲུན་ཡོད། མཉམ་ལས་ཁང་གིས‘ཀུང་སི་དང་། ཕྱུག་འགྱུར་སྣེ་ཁྲིད་པ། མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་ཟུང་དུ་སྦྲེལ་བའི’གཉེར་སྐྱོང་དཔེ་དབྱིབས་སྤྱད་དེ་གཉེར་སྐྱོང་བྱས་པ་དང་གནས་སྤོས་དུད་ཚང་དབུལ་པོས་ངལ་ནུས་ཕྱིར་གཏོང་བྱེད་སྟངས་ཐོག་ནས་མ་རྐང་ནང་ཞུགས་པར་ཁེ་སྤོགས་བགོ་རྒྱུ་བྱུང་སྟེ་འབབ་འཕར་མངོན་འགྱུར་བྱུང་ཡོད”ཅེས་ངོ་སྤྲོད་ཞིབ་ཚགས་བྱས།

    མུའུ་ཧུང་གིས་གཟིགས་སྐོར་གནང་བཞིན་དུ་གནས་ཚུལ་ངོ་སྤྲོད་གསན་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་འཛུགས་སྐྱོང་ཐད་བླང་བྱ་གསར་པ་བཏོན་གནང་ཡོད། དེ་ལས་ང་ཚོ་མི་སེར་ཚོའི་ཐོན་སྐྱེད་དང་འཚོ་བའི་ཐད་འགྱུར་ལྡོག་གསར་པ་གང་དག་ཡོང་རྒྱུ་ཡིན་པ་ཁྱེད་ཀྱིས་འགྲེལ་བཤད་བསྐྱོན་རོགས”ཞེས་སློབ་ཆེན་ཐོན་པའི་གྲོང་དཔོན་དབང་སྒྲོན་གྱིས་ཐོག་མར་དྲི་བ་བཏོན།

    “ཁྱེད་ཀྱིས་བཏོན་པའི་དྲི་བ་ཧ་ཅང་ཡག་པོ་འདུག”“མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག འཛམ་གླིང་གི་སྣེ་གསུམ་པ་བཅས་དང་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། དེའི་ཆེད་ང་ཚོས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཤུགས་ཆེན་བཏང་སྟེ་རྒྱུན་སྲིང་འཕེལ་རྒྱས་ཀྱི་སྲོག་ཐིག་དམ་པོ་བསྲུངས་ནས་ནེའུ་གསིང་རྒྱུན་དུ་གནས་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། མཁའ་རླུང་གཙང་ཞིང་སོས་པ་བཅས་བྱེད་དགོས”ཞེས་མུའུ་ཧུང་གིས་ལན་བསྐྱོན་པ་རེད།

    མུའུ་ཧུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་སྒྲོན་ནང་བཏོན་གནང་བའི་གྲོང་གསེབ་དར་རྒྱས་གོང་འཕེལ་གྱི་འཐབ་ཇུས་ནི“ཞིང་གསུམ”ལས་དོན་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་དམིགས་ཚད་བླང་བྱ་གསར་པ་ཞིག་ཡིན། གྲོང་གསེབ་དར་རྒྱས་གོང་འཕེལ་འཐབ་ཇུས་ལག་ལེན་བསྟར་བའི་ཁྲོད་གལ་ཆེ་ཤོས་ཤིག་ནི་ཐོན་ལས་དར་རྒྱས་དང་། སྣོད་བཅུད་བཟང་བ། ཤང་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ཏེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། སྣོད་བཅུད་བཟང་བ་ལས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བླང་བྱ་མངོན་ཡོད་ལ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོའི་གྲུབ་ཆ་གལ་ཆེན་ཞིག་རེད་ཅེས་མུ་མཐུད་འགྲེལ་བཤད་བསྐྱོན་པ་རེད།

    “ཁྱེད་ལས་ཀ་གང་ཞིག་བྱེད་ཀྱི་ཡོད་དམ། ཁྱིམ་དུ་མི་ག་ཚོད་ཡོད། ད་ཆ་ཡོང་འབབ་ཇི་འདྲ་འདུག”ཅེས་མུའུ་ཧུང་གིས་བཞོན་མ་གསོ་ཚགས་ར་བའི་ལས་བཟོ་ཟླ་བར་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་། “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔའི་ནང་ངས་རང་ཉིད་ཉེ་འགྲམ་གྱི་འགྱུར་ལྡོག་ཟབ་མོ་ཚོར་བ་དེ་རྨི་ལམ་དང་གཉིས་སུ་མ་མཆིས། ད་ཆ་ལས་ཀ་ཡོད་པ་དང་ཟླ་རེར་གླ་ཆ་སྒོར་སུམ་སྟོང་ལྷག་ཙམ་ཟིན་པས་ཁྱིམ་ཚང་གི་འཚོ་བ་ཉིན་བཞིན་ལེགས་སུ་ཕྱིན་སོང་། དེ་དག་ཚང་མ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན་དང་ཏང་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན། ང་ཚོས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གོང་བཀུར་ཞུ་གི་ཡོད”ཅེས་ཟླ་བས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བཤད།

    ཟླ་བའི་སེམས་གཏིང་གི་སྐད་ཆ་གསན་རྗེས་མུའུ་ཧུང་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅིས་རྒྱུན་དུ་འབྱོར་འབྲིང་ཐུབ་མིན་འགག་རྩ་ཡུལ་མི་སྤུན་ཟླར་ཐུག་ཡོད་ཅེས་གསུངས་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ཏང་ཡོན་ལས་བྱེད་པ་ཚོར་ཁྱིམ་དུད་གཅིག་དང་ཐ་ན་མི་གཅིག་གི་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་ཐུབ་མེད་ན་ང་ཚོས་སྣང་མེད་དུ་འཇོག་མི་རུང་བའི་འདུ་ཤེས་འཛིན་དགོས་པའི་བཀའ་སློབ་གནང་གི་ཡོད། ཚད་མཐོ་ཤོས་ཀྱི་སྒོ་ནས་དབུལ་པོར་འགྱུར་ཚད་ཉུང་དུ་བཏང་སྟེ་རྒྱ་ཆེའི་སྤྱི་དམངས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས་ན། དབུལ་པོའི་གནས་ལས་སྒྲོལ་རྒྱུ་དེ་གནས་བབ་དམིགས་བསལ་དང་གལ་ཆེན་ཐོག་འཇོག་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དཀའ་ཚེགས་ཆེ་མོད། འོན་ཀྱང་བྱེད་ཐབས་ཁག་རེ་རེ་བཞིན་ཞིབ་ཚགས་སུ་བཏང་སྟེ་མང་ཚོགས་དབུལ་པོ་ཚོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་རྒྱུའི་ཐད་ང་ཚོར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད”ཅེས་གསུངས་པ་རེད།

    དེ་རྗེས་མུའུ་ཧུང་དང་བཅས་པས་གསུམ་ལྡན་གྲོང་ཚོའི་བུ་བཅོལ་ཁང་དུ་བསྐྱོད་ནས་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་དང་འཛིན་གྲྭའི་སྒྲིག་བཀོད་དང་སྒྲིག་ཆས་ལ་གཟིགས་པ་མ་ཟད། སྤྲོ་སྣང་ཆེན་པོས་ཕྲུ་གུ་རྣམས་དང་མཉམ་དུ་རོལ་རྩེད་ཀྱང་རྩེད་པ་རེད། དེ་རྗེས་མུའུ་ཧུང་དང་བཅས་པས་གྲོང་མི་ཟླ་གཞོན་གྱི་ཁྱིམ་དུ་ཕེབས་ནས་གྲོང་མི་གནས་སྤོའི་སྔ་རྗེས་ཀྱི་འགྱུར་ལྡོག་དང་འཚོ་བའི་འགན་ལེན་གྱི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་རེད།

    “དེ་སྔ་ཚ་རགས་ཤང་དུ་གནས་པའི་ཁང་པ་ལོ་མང་ཉམས་བཟོ་མ་བྱུང་བས། ཆར་པ་ཆེན་པོ་འབབ་སྐབས་ནང་མི་ཚང་མ་གྲོང་པའི་ཁྱིམ་དུ་ཆར་གཡོལ་ལ་འགྲོ་དགོས་ཀྱི་ཡོད། ད་ཆ་ནང་མི་ཚང་མ་སྨི་ངོས་གྲུ་160ལྷག་ཙམ་གྱི་ཁང་པ་གསར་པའི་ནང་བསྡད་རྒྱུ་བྱུང་བས་ད་ནས་བཟུང་གནམ་གཤིས་ངན་པ་བསྟན་ཡང་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་ཚོམས་ཆེན་ནང་ཟླ་གཞོན་གྱིས་མུའུ་ཧུང་ལ་དེ་ལྟར་ངོ་སྤྲོད་བྱས།

    མུའུ་ཧུང་གིས་མྱོང་ཚོར་ཟབ་མོས“དེ་རིང་གྲོང་ཚོར་བསྐྱོད་ནས་བཞོན་མ་གསོ་ཚགས་ར་བར་ལྟ་སྐོར་དང་། བུ་བཅོལ་ཁང་གི་སྤྱང་གྲུང་འདོད་པའི་བྱིས་པ་རྣམས་དང་ཚང་མའི་ལྟ་ན་སྡུག་པའི་སྡོད་ཁང་ལ་བལྟས་རྗེས་དངོས་གནས‘ཁང་པ’དང‘ཐོན་ལས’‘བདེ་ཐང’བཅས་བྱུང་འདུག དེ་དག་ནི་ཏང་གི་སྲིད་ཇུས་བཟང་པོའི་དྲིན་ཡིན་ལ། ཁྱེད་ཚོས་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུའང་རེད”ཅེས་གསུངས་པ་དང་། ཁོང་གིས“ཏང་གི་ཚོགས་ཆེན་བཅུ་དགུ་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། གྲོང་གསེབ་དར་རྒྱས་གོང་འཕེལ་འཐབ་ཇུས་དེ་ཉིད་འཐབ་ཇུས་ཀྱི་མཐོ་ཚད་ལ་རིམ་སྤོར་བྱས་པ་དང་། གཞི་རིམ་ཏང་ཡོན་དང་ལས་བྱེད་པས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་ནུས་པ་བཏོན་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཞིང་འབྲོག་པའི་སེམས་ལ་ཟུག་པ་བྱེད་དགོས་ཞེས་མཉམ་དུ་ཡོད་པའི་གཞི་རིམ་ལས་བྱེད་པར་ལྕག་སྐུལ་དེ་ལྟར་གནང་བ་རེད།

    ཆུ་ཚོད་གཉིས་ཙམ་རིང་ཚང་མས་རང་རང་གི་མྱོང་ཚོར་གང་བསམ་ལྷུག་པོར་གླེང་བ་དང་དྲི་བ་འདོན་པ་སོགས་བྱས་པ་དང་མུའུ་ཧུང་གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གནང་སྟེ་གཙོ་གནད་ཐོག་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་དང་ཞིང་པ་དང་འབྲེལ་བ་ཡོད་པའི་ནང་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”གྱི་དགོངས་པ་སོགས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་ཐད་དོན་ཟབ་ཚིག་གསལ་དང་དམིགས་ས་ཡོད་པའི་སྒོ་ནས་སྒྲོག་འགྲེལ་དང་གསལ་འགྲེལ་བྱས་ཏེ་གྲོང་མི་ཚོའི་དོགས་གཞིར་ལན་ཡག་པོ་བསྐྱོན་པ་རེད།

    ཆུ་ཚོད་གཉིས་ཙམ་རིང་རིགས་གཅིག་མཁས་ཅན་གྱིས་སྒྲོག་འགྲེལ་ནན་ཏན་བྱས་ཏེ་ངང་རྒྱུད་རིང་པོས་ལན་བཏབ་པ་དང་། ཚང་མས་ཞིབ་ཚགས་ངང་ཉན་ཏེ་བློ་གཅིག་སེམས་གཅིག་གིས་ཡིད་ལ་ངེས་པ་དང་མཉམ་འགུལ་སྤེལ་རེས་ཡང་ཡང་བྱེད་ཅིང་། སྤྲོ་སེམས་འཁོལ་བ་དང་སྐྱིད་སྣང་དོད་པའི་རྣམ་པའི་ཁྲོད་སྒྲོག་འགྲེལ་བྱེད་སྒོ་མཇུག་བསྒྲིལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།