[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་རྩེ་རྫོང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཁོར་ཡུག་བཅོས་སྒྲིག་ལ་དམ་འཛིན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-13

    ཉེ་བའི་ལོ་ཤས་རིང་། ལྷ་རྩེ་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཨང་དང་པོར་བཞག་ནས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་དམ་འཛིན་བྱས་ཡོད།

    “འགྱིག་ཤོག་འགོག་པའི”ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་བ། ལྷ་རྩེ་རྫོང་གིས་ཤང(གྲོང་རྡལ)གི་མང་ཚོགས་སྒྲིག་འཛུགས་བྱས་ནས་རྒྱུན་གཏན་འཚོ་བའི་གད་སྙིགས་གཙང་སེལ་བྱས་ཏེ་གྲོང་ཚོའི་རྣམ་པ་ལེགས་སུ་བཏང་བ་དང་འབྲེལ་མ་དངུལ་སྒོར་ཁྲི་43བཏང་ནས་ཤང(གྲོང་རྡལ)གི་ཁོར་ཡུག་འཕྲོད་བསྟེན་མི་སྣར་ཁ་གསབ་མ་དངུལ་སྤྲད་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་ཆས་ཉོས་པ་རེད། དེ་དང་དུས་མཚུངས་གཙོ་གནད་མཛེས་ལྗོངས་ཁུལ་དང་མི་ཚོགས་མང་བའི་ཁུལ་གྱི“འགྱིག་ཤོག་སྦགས་བཙོག”བཅོས་སྒྲིག་ལས་དོན་ལ་དམིགས་ནས་2017ལོར་རྫོང་དེས་ཁྱོན་མ་དངུལ་སྒོར་ཁྲི་100.5བཏང་ནས་རྒྱལ་ལམ་318ལམ་ཐིག་གི་ཤང(གྲོང་རྡལ)ལ་གད་སྙིགས་དབོར་འདྲེན་རླངས་འཁོར་6ཉོས་ནས་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་པའི་ལས་དོན་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།

    སྦགས་བཙོག་དངོས་པོ་བཙོག་འབུད་ཉུང་གཏོང་བྱེད་ཤུགས་ཆེ་རུ་བཏང་བ། སོལ་རླངས་ཁྲོ་ཐབ་ཀྱི་སྒྱུར་བཅོས་མགྱོགས་སུ་གཏོང་བ་དང་། སོལ་རླངས་ཁྲོ་ཐབ་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་རིམ་སྤོར་འདུ་འགོད་ལག་བསྟར་བྱ་ཆེད། ལྷ་རྩེ་རྫོང་གིས《ལྷ་རྩེ་རྫོང་གི་སོལ་རླངས་ཁྲོ་ཐབ་མེད་པར་བཟོ་བའི་ལས་ཀའི་ཇུས་གཞི》བཏོན་ནས་སོལ་རླངས་གློག་ལ་འགྱུར་བ་དང་སོལ་རླངས་ཉི་ནུས་ལ་འགྱུར་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྫོང་ཡོངས་ཀྱི་སོལ་རླངས་ཁྲོ་ཐབ་ཕྱོགས་ཡོངས་ནས་མེད་པར་བཟོས་ཡོད། མིག་སྔར་རྫོང་དེའི་ཨར་འདམ་བཟོ་གྲྭ་6གི་སོལ་རླངས་ཁྲོ་ཐབ་ཚང་མ་མེད་པར་བཟོས་པ་རེད།

    ཆུའི་སྦགས་བཙོག་འགོག་བཅོས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། ལྷ་རྩེ་རྫོང་གིས་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་81བརྩོན་ལེན་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི་929བཏང་ཡོད། མིག་སྔར་རྫོང་དེའི་གྲོང་གསེབ་ཀྱི་ཆུ་འགོ་སྲུང་སྐྱོང་འདུ་འགོད་66ལེགས་གྲུབ་ཟིན་པ་དང་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་འདུ་འགོད་15ཡི་ཇུས་འགོད་ལས་དོན་ལེགས་གྲུབ་ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།