[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་འབད་འཐབ་ཀྱི་རྒྱལ་ཁའི་གླུ་དབྱངས་སྐད་གསང་མཐོན་པོས་ལེན་པ།

    ​ ཞི་ཅིན་ཕིང་གིས་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་བཙུགས་ནས་ལོ་80འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པར་རང་ལྗོངས་ཀྱི་གསར་འགྱུར་གླེང་ཕྱོགས་ཀྱི་འཐབ་ས་དང་པོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-13

    འདི་ལོའི་ཟླ་11ཚེས་8ཉིན་གྱི་གསར་འགོད་པའི་དུས་ཆེན་ལ། ཀྲུང་ཧྭའི་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་བཙུགས་ནས་ལོ་80ཏག་ཏག་འཁོར་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད་རེ་བ་ནན་པོའང་བཏོན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ཡིག་ལས་རང་ལྗོངས་ཀྱི་གསར་འགྱུར་གླེང་ཕྱོགས་ཀྱི་འཐབ་ཕྱོགས་དང་པོར་ཚུར་སྣང་ལན་ཆ་ཆེན་པོ་དང་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ་རེད།

    “སྤྱི་ཁྱབ་ཧྲུའུ་ཅིས་གསར་འགོད་པའི་དུས་ཆེན་ཉིན་མོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དེས་དུས་ཡུན་རིང་པོ་གཞི་རིམ་དུ་ལས་ཀ་བྱེད་བཞིན་པའི་གསར་འགོད་པ་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་ལྕག་སྐུལ་ཀྱང་ཐེབས་བྱུང”ཞེས་ནག་ཆུ་ས་ཁུལ་བརྙན་འཕྲིན་ལས་ཁུངས་ཀྱི་པར་ལེན་གསར་འགོད་པ་ཉི་མས་བཤད། ཁོང་གིས་གསར་འགོད་པའི་ལས་གནས་སུ་བགྲང་བྱ་20ཙམ་འབད་འཐབ་བྱེད་རིང་ཐོག་མའི་བསམ་འདུན་མ་བརྗེད་པ་དང་དད་སེམས་བརྟན་དུ་བཏང་ནས་དུས་ཡུན་རིང་པོར་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་བསྲུངས་པ་དང་། བྱང་ཐང་གི་ཡུལ་ལུང་གང་སར་བསྐྱོད་དེ་ས་མཐོར་རྐང་རྗེས་རེ་རེ་བཞག་པ་དང་དམངས་ཀྱི་འདུན་པ་མཚོན་པའི་པར་རིས་དུ་མ་པར་དུ་བླངས་ཡོད། ཁོང་གིས་ཏང་གི་གསར་འགྱུར་ལས་དོན་པ་ཞིག་གི་ངོས་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་བཞིན་ཏང་གི་འདོད་ཚུལ་དྲིལ་བསྒྲགས་ཧུར་ཐག་དང་། མང་ཚོགས་ཀྱི་འབོད་སྒྲ་ཟབ་མོ་མཚོན་པར་བྱེད་པ། བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ནས་དྲང་ནུས་བརྒྱུད་སྤེལ་བྱེད་དགོས། སླད་ཕྱིན་སྤྱི་ཁྱབ་ཧྲུའུ་ཅིའི་བསླབ་བྱ་ཟབ་མོ་དང་ཐུགས་རེ་ནན་པོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། མི་རིགས་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་ཀྱི་འདུ་ཤེས་བརྟན་པོ་འཆང་བ་དང་། གཞི་རིམ་དུ་བསྐྱོད་དེ་བཅར་འདྲི་བྱ་ཡུལ་དང་ངོ་ཐུག་གདོང་འཕྲད་དང་གསར་འགྱུར་ཐོན་ཡུལ་དངོས་སུ་བསྐྱོད་པ། མང་ཚོགས་དང་འབྲེལ་འདྲིས་ཟབ་པ་དང་གླེང་ཆེ་བའི་གསར་འགྱུར་བརྩམས་ཆོས་སྤེལ་ནས་ཏང་དང་སྲིད་གཞུང་གི་གསུང་སྒྲ་བརྒྱུད་སྤེལ་དང་། མི་དམངས་ཀྱི་འབོད་སྒྲ་མཚོན་པ། བོད་ཀྱི་གཏམ་རྒྱུད་དང་ནག་ཆུའི་གཏམ་རྒྱུད་ཡག་པོ་རྗོད་པ། ཞིང་འབྲོག་པའི་གསོན་ཉམས་དོད་ལ་དགའ་འོས་པའི་འགྱུར་ལྡོག་ཡག་པོ་གླེང་བ། འགན་འཁྲི་དང་ལས་འགན་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ་བོད་བྱང་ཐང་གི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྟོབས་ཤུགས་ཡོད་རྒུས་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་ལྕག་སྐུལ་གཏོང་རྒྱུ་དང་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བཤད།

    “གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་རྒྱ་ཆེའི་གསར་འགྱུར་ལས་དོན་པས་དུས་རབས་ལ་ངོ་གནོང་མི་དགོས་པར་འགན་འཁྲི་དང་ལས་འགན་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་མཁོ་འདོན་གནང་ཡོད། གྲོལ་མ་ཐག་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་ཅེས་བསྟན་ཡོད། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་དུས་རབས་ཀྱི་རྩོམ་ཡིག་སྙན་འཇེབས་ལྡན་པ་ཞིག་འབྲི་རྒྱུ་ནི་དུས་རབས་གསར་པའི་གསར་འགྱུར་ལས་དོན་པས་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ཁ་ཕྱོགས་ཤིག་རེད”ཅེས་ཉིང་ཁྲིར་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གསར་འགོད་པའི་ས་ཚིགས་ཀྱི་ཀྲན་ཀྲང་མའེ་ཀྲེང་ཝུའེ་ཡིས་བཤད། ཁོང་བོད་དུ་གསར་འགོད་པའི་ལས་ལ་གཞོལ་ནས་ལོ་30ཙམ་སོང་བ་དང་། གསར་འགོད་པའི་ལས་གནས་དང་གཞི་རིམ་དུ་གཞི་ཚུགས་ཏེ་བཅར་འདྲིའི་འཐབ་ཕྱོགས་དང་པོར་འབད་བརྩོན་མཐའ་འཁྱོངས་བྱས་ཡོད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ནན་པོ་བློ་ལ་བཅངས་པས་མ་ཚད་ལག་ལེན་བསྟར་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་སྐུལ་ལྕག་དང་འབོད་སྐུལ་བྱེད་པ་ནི་རྒྱ་ཆེའི་གསར་འགྱུར་ལས་དོན་པའི་ལས་རིགས་ཀྱི་ཚད་ཤིང་དང་ཕུགས་བསམ་གྱི་རེ་སྙེག་ཅིག་ཏུ་གྱུར་ཡོད་ཅེས་བརྗོད།

    “‘གདེང་ཚོད་བཞི’བརྟན་པ་དང་། མི་དམངས་ཀྱི་བརྩེ་བ་རྒྱུན་འཁྱོངས། རླབས་ཆེན་གྱི་དུས་རབས་ཟིན་འགོད། ཀྲུང་གོའི་གཏམ་རྒྱུད་ཡག་པོ་རྗོད་པ། ཀྲུང་གོའི་སྐད་སྒྲ་ཁྱབ་སྤེལ། འབད་འཐབ་ཀྱི་རྒྱལ་ཁའི་གླུ་དབྱངས་ལེན་པ། མི་རིགས་ཀྱི་སྟོབས་ཤུགས་གོང་བུར་སྒྲིལ་བ་བཅས་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རེའི་གསར་འགྱུར་ལས་དོན་པར་སྐུལ་ལྕག་བཏང་བ་ཞིག་ཡིན་པ་དང་། དེ་བས་ཀྱང་རང་རེའི་གསར་འགོད་པས་དུས་རབས་གསར་པའི་ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པའི་ལས་ཀའི་མཛུབ་ཁྲིད་དང་གཞི་འཛིན་སའང་ཡིན”ཞེས་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་ལེ་ཚན་ལྟེ་གནས་ཀྱི་གསར་འགོད་པུའི་ཀྲུའུ་རེན་ཐང་ཞའོ་ཧྲོང་གིས་བརྗོད། ཁོང་གིས། དུས་ཡུན་རིང་པོར་བོད་ལྗོངས་རླུང་འཕྲིན་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་འཐབ་ས་གལ་ཆེན་ཡིན་ཞིང་། འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་དང་ཁྱབ་སྤེལ་ལ་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བ་ལས་རང་རེའི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་དང་རང་རེའི་རྒྱ་ཆེའི་གསར་འགྱུར་ལས་དོན་པར་སྔར་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། སླད་ཕྱིན་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་མི་དམངས་ཀྱི་བརྩེ་བ་རྒྱུན་འཁྱོངས་བྱས་ཏེ་ཞིང་འབྲོག་གཞི་རིམ་དང་སྡེ་ཁུལ་མང་ཚོགས་ཁྲོད་སྔར་བས་ཟབ་སྐྱོད་བྱས་ནས་ཏང་གི་མཐུན་སྒྲིལ་སྣེ་ཁྲིད་འོག་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་རླབས་ཆེ་ལ་གསོན་ཉམས་ལྡན་པའི་ལག་ལེན་སྐོར་ཟིན་ཐོར་འགོད་པ་དང་། ཀྲུང་གོའི་གཏམ་རྒྱུད་ཀྱི་བོད་ཀྱི་ལེའུ་ཡག་པོ་རྗོད་པ། འབད་འཐབ་ཀྱི་རྒྱལ་ཁའི་གླུ་དབྱངས་སྐད་གསང་མཐོན་པོས་ལེན་པ། མི་རིགས་ཀྱི་སྟོབས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་རླུང་འཕྲིན་གྱི་གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། སྤྱི་མོས་ཐོབ་ཚད་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བར་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།