[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དབུ་ཡག་གྲོང་ཚོས“བྱ་ཐབས་གསུམ”སྤྱད་དེ་ཞི་མཐུན་དང་། ཕྱུག་འགྱུར། མཛེས་སྡུག་བཅས་ཀྱི་གྲོང་གསེབ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-12

    ཉེ་བའི་ལོ་ཤས་རིང་། མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་དབུ་ཡག་གྲོང་ཚོས“ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་། དབུལ་སྒྲོལ་ལ་རོགས་རམ”བཅས་ཀྱི་སྤྱིའི་བསམ་ཕྱོགས་ལ་དམིགས་ཏེ་ཟམ་མི་ཆད་པར་རྨང་གཞི་བརྟན་གཏོང་དང་། ཐོན་ལས་ལ་དམ་འཛིན། བརྗེ་སྒྱུར་ལ་སྐུལ་འདེད་བཅས་བྱས་ཏེ་ཞི་མཐུན་དང་ཕྱུག་འགྱུར། མཛེས་སྡུག་བཅས་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་བསྐྲུན་པ་རེད།

    “གཙོ་རྐང”གསོ་སྐྱོང་གིས་རྩ་སྲ་རྨང་བརྟན་ངང་ལས་སྟེགས་བསྐྲུན་པ། ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྦྱོར་དང་འདེམས་མངགས་བྱས་ཏེ་སྣེ་འདྲེན་དཔུང་ཁག་སྟོབས་ཆེར་ནུས་ལྡན་བཏང་བ་དང་། ན་གཞོན་ཏང་ཡོན་དང་བུད་མེད་ཏང་ཡོན་དང་དེ་བཞིན“ཨུ་ལྷན་གཉིས”ཀྱི་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་2014ལོ་ཚུན་ཏང་ཡོན་8དང་རྗེས་གྲབས་ལས་བྱེད་པ་6གསོ་སྐྱོང་བྱས་པ། 

    གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ཁྲོད་དུ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སོགས་སྤེལ་ནས་ཏང་ཡོན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་བ། 《ཏང་དོན་གྲོང་དོན་ཡོངས་བསྒྲགས་ལམ་ལུགས》དང་། 《གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་གཞུང་དོན་གྲོས་མོལ་ལམ་ལུགས》སོགས་ལམ་ལུགས་26གི་དོན་ཚན་112འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་ཁག་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་རེད།

    “ཕྱུག་འགྱུར་ཐབས་ལམ”ཡངས་པོ་ཕྱེ་ནས་ཐོན་ལས་འཕེལ་རྒྱས་ལ་གཏིང་ཤུགས་བསྣན་པ། གྲོང་ཁྱེར་ཡོངས་ཀྱི་འཕྲུལ་ཆས་རྣམ་པའི་ས་ཕག་བཟོ་གྲྭ་དང་པོ་དེ་བསྐྲུན་པར་ལོ་རེར་ཡོང་འབབ་སྒོར་ཁྲི་250ལྷག་ཡོད་པ་དང་། གཏན་འཇགས་ལས་གནས་70ལྷག་མཁོ་འདོན་བྱས་པ། མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་4500ཙམ་བྱུང་བ། མང་ཚོགས་ལ་བོད་ཁྱིམ་སྤྲོ་སྐྱིད་ཁང་དང་། འགྲུལ་ཁང་ཆུང་གྲས། ཚོང་ཁང་ཆུང་གྲས་སོགས་སྒེར་གཉེར་དཔལ་འབྱོར་ཚན་པ་9གཉེར་རོགས་བྱས་པ་རེད།

    “ནང་གནས་སྒུལ་ཤུགས”འཕེལ་བ་བྱས་ནས་སེམས་ནུས་གཅིག་སྒྲིལ་ངང་གཞན་སྒྱུར་ལ་སྐུལ་འདེད་བཏང་བ། མིག་སྔའི་བར། གྲོང་ཚོ་དེས་དམངས་དོན་འདུམ་སྒྲིག་པའི་ལས་གནས་8བཙུགས་པ་དང་། ཏང་ཡོན་སྒྲིག་འཛུགས་ཀྱིས“རྗེས་ལུས་དུད་ཚང”དང“འགལ་ཟླའི་དུད་ཚང”5ལ་རོགས་སྐྱོར་ཆ་སྒྲིག་བྱས་ཏེ་གནད་དོན་20ལྷག་ཐག་གཅོད་བྱེད་རོགས་བྱས་པ། ཏང་རྩ་འཛུགས་ཀྱི“དབུལ་སྐྱོར་བཀོད་འདོམས་པུའུ”ཡི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རོགས་སྐྱོར་བྱ་ཐབས་གནད་སྨིན་ངང་བཟོས་ཏེ་མང་ཚོགས་དབུལ་པོར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ལྕག་བཏང་བ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།