[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཚོགས་ཆེན་བཅུ་དགུ་པའི་འཐུས་མི་མཱ་ཧྲེང་ཁྲང་གིས་དམངས་འཚོར་བཅངས་པའི་ཟོལ་མེད་བརྩེ་སེམས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-10

    ཟླ་11ཚེས་1ཉིན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་མཱ་ཧྲེང་ཁྲང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་བྲག་ཕྱི་སོགས་གྲོང་ཚོ་6གི་མང་ཚོགས་ལ་སྒྲོག་འགྲེལ་བྱས་པ་རེད།

    བྲག་ཕྱི་གྲོང་ཚོ་དང་དེ་བཞིན་ཉེ་འཁོར་གྲོང་ཚོ་5ཡི་ཞིང་འབྲོག་མང་ཚོགས་200ལྷག་ཙམ་གྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་སྔ་ས་ནས་གྲོང་ཚོའི་སྤྱི་པའི་ཁང་པའི་ཐང་ཆེན་ཐོག་འདུས་ཏེ་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་མཱ་ཧྲེང་ཁྲང་ཡོང་རྒྱུར་སྒུག

    ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ཤིག་བྲག་ཕྱི་གྲོང་ཚོའི་ཕྱོགས་སུ་འོང་བ་དང་སྦྲགས་གྲོང་མི་ཚོས་དགའ་འབོད་བྱས།

    མཱ་ཧྲེང་ཁྲང་གིས་གྲོང་མི་དང་ལག་པ་གཏོང་ཞོར་བྱམས་བརྩེ་ཆེན་པོས་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱས།

    ཕན་ཚུན་འཚམས་འདྲི་ཚར་རྗེས་མཱ་ཧྲེང་ཁྲང་གིས་སྒྲོག་འགྲེལ་བྱེད་འགོ་ཚུགས།

    “ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་རེད”ཅེས་མཱ་ཧྲེང་ཁྲང་གིས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་སྔ་ང་ཚོ་བྲག་ཕྱི་གྲོང་ཚོར་ཐེངས་གཉིས་ཕེབས་ནས་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་ཏེ་ཏང་ཀྲུང་དབྱང་གི་ཐུགས་ཁུར་གྱི་འོད་ཟེར་འཕྲོས་པར་གནང་ཡོད།ལོ་དེ་དག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་གཟིགས་སྐྱོང་དང་། འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བས། བྲག་ཕྱི་གྲོང་ཚོར་ལོ་རེར་འགྱུར་ལྡོག་གསར་པ་རེ་དང་ལོ་རེར་རྣམ་པ་གསར་པ་རེ་བྱུང་ཡོད། ད་ཆ་གྲོང་ཚོར་ཨར་འདམ་ཀུང་སི་དང་ཨར་སྐྲུན་རྒྱུ་ཆའི་ཁྲོམ་ར་སོགས་བཙུགས་ཡོད་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་710ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ཡོད། བྲག་ཕྱི་གྲོང་ཚོའི་འགྱུར་ལྡོག་ཆེན་པོ་ནི་ང་ཚོ་ཉིང་ཁྲི་ཙམ་མ་ཟད། བོད་ཀྱི་འགྱུར་ལྡོག་ཆེན་པོའི་བསྡུས་རིས་ཤིག་རེད་ཅེས་མཱ་ཧྲེང་ཁྲང་གིས་གསོན་ཉམས་དོད་པའི་གྲངས་གཞི་དང་དཔེ་མཚོན་མང་པོ་དྲངས་ཏེ་བྲག་ཕྱི་གྲོང་ཚོའི་ད་ལྟའི་མཛེས་སྡུག་ལྡན་པའི་འཚོ་བའི་སྐོར་བཤད་པར་གྲོང་མི་ཚོ་མོས་པོ་བྱུང་ནས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར།

    “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང‘དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་གཞི་རྩའི་དམིགས་ཡུལ་ཡིན་པས། ངེས་པར་དུ་དམངས་འཚོར་ཕན་པ་མང་ཙམ་འདོགས་པ་དང་དམངས་འཚོའི་སེམས་ཁྲལ་གང་མང་བསལ་ཏེ’མི་སེར་རྣམས་ལ་ཐོབ་ཚོར་དང་། བདེ་འཇགས་ཚོར་སེམས། བདེ་སྐྱིད་ཚོར་སེམས་བཅས་སྔར་ལས་མང་བ་ཡོང་དུ་འཇུག་དགོས”ཞེས་མཱ་ཧྲེང་ཁྲང་གི་སྒྲོག་འགྲེལ་བྱས་པས། མང་ཚོགས་ཀྱི་དགའ་བསུ་མང་པོ་ཐོབ།

    “མི་སེམས་འགུལ་བའི་དུས་ཚོད་ནི་ཡུད་ཙམ་ཞིག་ཡིན་ནའང་། ང་ཚོ་བྲག་ཕྱི་གྲོང་ཚོའི་མི་སེར་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་དཀའ་སྤྱད་འབད་འཐབ་བྱས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས”ཞེས་དེ་སྔ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་མཇལ་འཕྲད་ཐེངས་གཉིས་གནང་མྱོང་བའི་སྐལ་བཟང་དབང་ཕྱུག་གིས་བློ་བརྟན་འགྱུར་མེད་ངང་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།