[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བློ་མཐུན་ཀྲོའུ་ཆི་ཧྲུན་གྱི་སྐུ་ཕུང་ལ་ཞལ་གྱེས་ཞུ་བའི་བྱེད་སྒོ་ཁྲེང་ཏུར་འཚོགས་པ།

    ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཧུའུ་ཅིན་ཐའོ། ཀྲུའུ་རུང་ཅི། ལིའུ་ཡུན་ཧྲན། བྱམས་པ་ཕུན་ཚོགས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡིས་སོགས་ཀྱིས་བློ་མཐུན་ཀྲོའུ་ཆི་ཧྲུན་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་ཡང་གནང་བ།ཝུའུ་དབྱིང་ཅེ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན་སོགས་ཀྱིས་མྱ་ངན་ཞུས་པ་དང་སེམས་གསོའི་འཚམས་འདྲི་ཡང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-30

    ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེབས་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཆི་ཧྲུན་ཟླ་10ཚེས་19ཉིན་གྱི་ཆུ་ཚོད་23དང་སྐར་22ལ་ཁྲེང་ཏུར་སྐུ་གཤེགས་ཤིང་། སྐུ་གཤེགས་སྐབས་དགུང་ལོ་85ཡིན་པ་རེད། ཟླ་10ཚེས་23ཉིན་གྱི་སྔ་དྲོ་སྐུ་ཕུང་ལ་ཞལ་གྱེས་ཞུ་བའི་བྱེད་སྒོ་ཁྲེང་ཏུར་འཚོགས་པ་རེད།

    བློ་མཐུན་ཀྲོའུ་ཆི་ཧྲུན་སྐུ་གཤེགས་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་ཡང་གནང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྲའོ་ལེ་ཅི་དང་། ཧུའུ་ཅིན་ཐའོ། ཀྲུའུ་རུང་ཅི། ལིའུ་ཡུན་ཧྲན། བྱམས་པ་ཕུན་ཚོགས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡིས་བཅས་ཀྱིས་བྱེད་ཐབས་མི་འདྲ་བའི་ཐོག་ནས་བློ་མཐུན་ཀྲོའུ་ཆི་ཧྲུན་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་ཡང་གནང་བ་རེད།

    ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན་སོགས་འགོ་ཁྲིད་བློ་མཐུན་གྱིས་བྱེད་ཐབས་མི་འདྲ་བར་བརྟེན་ནས་མྱ་ངན་ཞུས་པ་དང་སེམས་གསོའི་འཚམས་འདྲི་ཡང་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་ལས་བྱེད་པ་རྒན་གྲས་ཅུས། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། ཁྲིམས་འཛིན་ཐིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སོགས་ཚན་པ་ཁག་གིས་མྱ་ངན་མེ་ཏོག་ཕུལ་བ་དང་མྱ་ངན་ཞུ་བའི་ཆ་ཡིག་ཕུལ་བ། གློག་འཕྲིན་གཏོང་བ་བཅས་བྱས་ནས་བློ་མཐུན་ཀྲོའུ་ཆི་ཧྲུན་སྐུ་གཤེགས་པར་མྱ་ངན་ཞུས་པ་རེད།

    ཚེས་23ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པར་ཁྲེང་ཏུའུ་གྲོང་ཁྱེར་གྲོང་འདབས་ཤར་གྱི་པུར་ཁང་གི་ཤིས་ཞ་ཚོམས་ཆེན་ནང་གཟི་ཉམས་ལྡན་པ་དང་མྱ་ངན་ཞུ་བའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་སྐུ་ཕུང་དང་ཞལ་གྱེས་ཞུ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཅུས་ཀྲང་མཚམས་ཆུང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱི་མྱ་ངན་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད། དེ་རྗེས་མཚམས་ཆུང་གིས་གོམ་སྟབས་དལ་པོས་བློ་མཐུན་ཀྲོའུ་ཆི་ཧྲུན་གྱི་སྐུ་ཕུང་མདུན་དུ་བཞེངས་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་འབྲེལ་བློ་མཐུན་ཀྲོའུ་ཆི་ཧྲུན་གྱི་སྐུ་ཕུང་ལ་མཇལ་དར་བསྒྲོན་ནས་གུས་འདུད་གསུམ་ཞུས་རྗེས་སྐུ་ཕུང་ལ་ཞལ་གྱེས་ཞུས་པ་མ་ཟད། བློ་མཐུན་ཀྲོའུ་ཆི་ཧྲུན་གྱི་ནང་མི་རེ་རེ་དང་ཕྱག་བཏང་ནས་སེམས་གསོའི་འཚམས་འདྲི་གནང་བ་རེད།

    སྐུ་ཕུང་ལ་ཞལ་གྱེས་ཞུ་བའི་བྱེད་སྒོར་ཞུགས་མཁན་གྲས་སུ་བློ་མཐུན་ཀྲོའུ་ཆི་ཧྲུན་གྱི་ནང་མི་དང་གཉེན་ཉེ་ཡོད་པ་རེད།

    བློ་མཐུན་ཀྲོའུ་ཆི་ཧྲུན་ནི་1951ལོར་བོད་དུ་སྐྱོད་མཁན་གྱི“དམག་སྡེ་བཅོ་བརྒྱད་པ”ཞིག་ཡིན་པ་དང་རང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོ་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བ་དང་འབྲེལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། བོད་དུ་ཕྱག་ལས་ལོ་50གནང་རིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ཁེ་ཕན་དེ་ཐམས་ཅད་ལས་ལྷག་པ་བརྩིས་པ་དང་འབྲེལ་བོད་ཀྱི་སྤྱི་བདེ་སྲིད་ཁྲིམས་འཐབ་ཕྱོགས་ལ་ཕུལ་བྱུང་གི་མི་རིགས་ལས་བྱེད་པ་འབོར་ཆེན་ཞིག་གསོ་སྐྱོང་གནང་ཡོད་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་བརྗེད་མི་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།