[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-18

    ཉིན་ཤས་བསྟུད་མར་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་ཆེད། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཞིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་སྤྲོ་སེམས་ཀྱིས་ཁེངས་པ་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་དེ་བས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཡར་རྒྱས་བརྩོན་ལེན་དང་། ཤེས་དཔལ་ཡར་ཐོན། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་བཅས་ཀྱི་ཕུལ་བྱུང་ལེ་ཚན་རྒྱ་ཆེའི་མི་དམངས་མང་ཚོགས་ལ་འཁྲབ་སྟོན་བྱེད་པ་དང་དགའ་སྤྲོ་དང་འཆམ་མཐུན་གྱི་རྣམ་པ་བཏོད་དེ་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་གྱིས“སྤྲོ་སེམས་འཁོལ་བའི་ངང་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ། ཏང་གི་བཀའ་དྲིན་ཚོར་བ་དང་སྲོག་ཤིང་ལ་དགའ་ཞེན་བྱེད་པའི”རིག་རྩལ་འཁྲབ་སྟོན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་འཁྲབ་སྟོན་ཚོགས་པས་སྡེ་ཁུལ་དང་། རྒན་གསོ་ཁང་། དྭ་ཕྲུག་ཁང་སོགས་སུ་བསྐྱོད་ནས་མི་རིགས་ཁག་གི་མང་ཚོགས་ལ་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་བཤམས་ཡོད།

    ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད། སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་བྱས་ནས་རླབས་ཆེན་ཏང་དང་རླབས་ཆེན་མེས་རྒྱལ་ལ་སྔར་བས་བསྟོད་གླུ་ཕུལ་བ་དང་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་ཕུལ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཧུར་བརྩོན་ཡར་ཐོན་དང་ཤེས་དཔལ་ཞི་མཐུན་གྱི་སྤྱི་ཚོགས་རྣམ་པ་གཏོད་པ་རེད། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྤྱི་ཁྱབ་བཟོ་ཚོགས་ཀྱིས“སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ། བཟོ་ཚོགས་ཀྱིས་གཞི་རིམ་དུ་ཞབས་འདེགས་ཞུ”ཞེས་པའི་བྱེད་སྒོ་སྤེལ་ནས་ཁེ་ལས་12ཀྱི་དཀའ་ངལ་ཡོད་པའི་ལས་བཟོ་20ལ་རོགས་སྐྱོར་དངུལ་སྒོར་ཁྲི་2སྤྲད་པ་རེད།

    རང་ལྗོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱིས་ཉིན་ཤས་གོང་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་ཁྱབ་ཁོངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་གོམ་སྟབས་རྗེས་མའི་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་ཐད་སླར་ཡང་བཀོད་སྒྲིག་བྱས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་དང་རྒྱ་ཆེའི་དགོན་སྡོད་ལས་བྱེད་པས“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་ཁ་གཏད་འཇལ་ཐབས་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་། དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ། ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དགོན་སྡེ་བརྟན་ལྷིང་དང་། གྲྭ་བཙུན་སེམས་ལྷིང་འཇགས། ཆོས་ལུགས་འཆམ་མཐུན་བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།