[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་དུ་གློག་རྡུལ་ཚོང་དོན་འཕེལ་རྒྱས་མྱུར་པོ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-13

     ཉེ་ཆར། གསར་འགོད་པས་ཅིང་ཏུང་སྒོ་རྩིས་ཚོང་ཁང་དུ་གཉེར་བའི“ཅིང་ཏུང་སྒོ་རྩིས་ཚོང་ཁང་གྲོང་ཁྱེར་བརྒྱ་རུ་སྐྱོད”ཅེས་པའི་ལྷ་སའི་ས་ཚིགས་བྱེད་སྒོ་ལས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་གློག་རྡུལ་ཚོང་དོན་འགན་ལེན་དང་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་ཉོ་ཚོང་དྲ་རྒྱ་མགྱོགས་མྱུར་བསྐྲུན་པ་བརྒྱུད་གློག་རྡུལ་ཚོང་དོན་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད་པ་རེད།

    གཞུང་ཕྱོགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། 2016ལོར་གྲོང་ཁྱེར་ཡོངས་ཀྱི་གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་དངུལ་གྲངས་སྒོར་དུང་ཕྱུར་1.27ཙམ་དང་། གྲོང་ཁྱེར་ཡོངས་སུ་ཐོ་འགོད་བྱས་པའི་གློག་རྡུལ་ཚོང་དོན་གྱི་ཁྲོམ་རའི་བྱེད་པོ་261 ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་26.9བཅས་ཟིན་ཡོད་པ་དང་། ས་ཆ་དེ་གའི་གློག་རྡུལ་ཚོང་དོན་ཁེ་ལས་ཁག་གཅིག་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་ཕྱིན་པ། ཁེ་ལས་2ལ་ཚོང་དོན་པུའི་2017ལོ་དང་2018ལོ་འཁོར་གྱི“གློག་རྡུལ་ཚོང་དོན་གྱི་དཔེ་མཚོན་ཁེ་ལས”ཀྱི་མཚན་སྙན་ཐོབ་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུའུ་ཧྥང་ཀྲེང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་ས་གཙང་བདེ་ཐང་ཐོན་ལས་དང་ཡུལ་སྐོར་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་གཉིས་ལ་དམ་པོར་གཞིགས་ནས་ཞིང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་མ་ལག་བསྐྲུན་རྒྱུ་གཞི་རྟེན་དུ་བྱས་ཏེ་ཁྲོམ་རའི་མངོན་མེད་བྱ་ཐབས་དང་སྲིད་གཞུང་གི་མངོན་ཡོད་བྱ་ཐབས་ཀྱི་ནུས་པ་འདོན་སྤེལ་གང་ལེཌ་བྱས་ཐོག་གྲོང་ཁྱེར་ཡོངས་ཀྱི་གློག་རྡུལ་ཚོང་དོན་སྐྱོན་བྲལ་དང་དབྱར་མཚོ་རྒྱས་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།