[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྟོངས་ལ་ཉེ་བའི་སྲོག་ཆགས་ཏེ།ཕུའུ་ཧྲི་དགོ་བའི་གྲངས་འབོར་2010བར་འཕེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    གསར་འགོད་པར་ཉིན་ཤས་གོང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཕུའུ་ཧྲི་དགོ་བར་བརྟག་དཔྱད་དང་བསྡོམས་རྩིས་བྱས་པ་བརྒྱུད།

    མིག་སྔར་ཕུའུ་ཧྲི་དགོ་བ་ཁྱོན་2010ལྟ་ཞིབ་ཚད་ལེན་དང་ཟིན་ཐོ་བཀོད་པ་དེ་2016ལོའི་དུས་མཚུངས་ལས་དགོ་བ་546བར་འཕར་ཡོད་པ་རེད། ཐེངས་འདིའི་ཕུའུ་ཧྲི་དགོ་བར་བརྟག་དཔྱད་བྱེད་ཁོངས་སུ་མཚོ་སྔོན་པོའི་མཐའ་འཁོར་གྱི་ཁུལ་14དང་རྒྱུད་17ཚུད་ཡོད་ལ། ཕུའུ་ཧྲི་དགོ་བ་2010མཐོང་བའི་ནང་དགོ་ཕྲུག་551དང་། དགོ་བ་ཕོ། 422 དགོ་བ་མོ་1037བཅས་ཡོད་པ་རེད།

    ཕུའུ་ཧྲི་དགོ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། ནང་སོག་དང་། མཚོ་སྔོན། ཉིང་ཞ། ཀན་སུའུ་སོགས་སུ་ཡོད་པ་རེད། མིའི་རིགས་ཀྱི་ཐོན་སྐྱེད་བྱེད་སྒོའི་ཤུགས་རྐྱེན་འོག་དགོ་བ་སྟོངས་ལ་ཉེ་བར་གྱུར་ནས་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས“འཛམ་གླིང་གི་ཤིན་ཏུ་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ”བཅུག་ཡོད། མིག་སྔར་མཚོ་སྔོན་པོའི་མཐའ་འཁོར་དེ་ཉིད་ཕུའུ་ཧྲི་དགོ་བའི་འཚོ་སྡོད་ཁུལ་འབའ་ཞིག་ཏུ་གྱུར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།