[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཞན་ཆ་གསབ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

    གླེང་གཞི།

    “ལོ་ལྔ་ཚན་བཅུ་གསུམ”པའི་རིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩ་ནི་ཞན་ཆ་གསབ་རྒྱུ་དེ་ཡིན། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་གླེང་མང་ཤོས་དེ་ཡང་འཕེལ་རྒྱས་ཀྱི་ཞན་ཆ་གསབ་རྒྱུ་དེ་རེད། བོད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་ས་ཁུལ་དབུལ་པོ་འབའ་ཞིག་དེ་ཡིན། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཞན་ཆ་གསབ་པ་དང་ལེགས་ཆ་འཕེལ་བར་བྱས་ཏེ་དུས་ཡུན་རིང་པོའི་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ན་གཞི་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འདོན་སྤེལ་གང་ལེགས་བྱེད་ཐུབ།

    དབུལ་སྒྲོལ་འགག་སྒྲོལ་གྱི་ཞན་ཆ་གསབ་དགོས་ན། རྨང་གཞི་སྔོན་དུ་འཇོག་པ་དང་། ཐོན་ལས་མཉམ་སྐྱོད། མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུལ་སྒྲོལ་དང་འཕེལ་རྒྱས་བརྟན་པོ་ཡོང་བར་བྱས་ནས་མཐར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱེད་དགོས།

    ༡ རྨང་གཞིའི་འཛུགས་སྐྲུན་སྔོན་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།

    ས་ཁུལ་དབུལ་པོ་ཆགས་པའི་རྩ་བའི་རྒྱུ་རྐྱེན་ནི་རྨང་གཞིའི་སྒྲིག་བཀོད་ཞན་པོ་ཡོད་པ་དེ་ཡིན། བོད་དུ་གཞི་རྩའི་ཆ་ནས་དབུལ་ཕོངས་མེད་པ་བཟོས་ནས་མང་ཚོགས་དབུལ་པོ་ཕྱུག་པོའི་ལམ་དུ་བསྐྱོད་རྒྱུ་དང་། མང་ཚོགས་དབུལ་པོས་སྤྱི་པའི་ཞབས་ཞུ་དེ་ཆ་སྙོམས་ཅན་མཉམ་དུ་སྤྱོད་ཐུབ་པར་བྱེད་པར་དང་ཐོག་རྨང་གཞི་སྔོན་ལ་ལག་བསྟར་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུ་ནས་དམ་འཛིན་བྱེད་དགོས།

    གོམ་སྟབས་རྗེས་མར། ལྗོངས་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་མུ་མཐུད་བྱ་ཐབས་སྣ་མང་སྤྱོད་རྒྱུ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འགག་སྒྲོལ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཆུ་བེད་དང་། འགྲིམ་འགྲུལ། གློག་ཤུགས། འཕྲིན་གཏོང་། ཚན་རྩལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་དབུལ་པོའི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་རྒྱུ་དང་།

    ཞིང་ནང་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཐོན་འབབ་དམའ་འབྲིང་གི་ཞིང་ཁ་སྒྱུར་བཀོད་དང་ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་སོན་བཟང་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་ནས་སོགས་འབྲུ་རིགས་ཀྱི་ཐོན་འབབ་འཕར་བ་བྱ་རྒྱུ།

    ནུས་རྒྱུའི་སྒྲིག་བཀོད་འཛུཌ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཤང་གྲོང་དབུལ་པོར་ནུས་རྒྱུའི་སྒྲིག་བཀོད་བསྐྲུན་རྒྱུར་མགྱོཌ་མྱུར་སྐུལ་འདེད་བཏང་ནས་ཡུལ་བབ་དང་བསྟུན་ནས་ཆུ་ནུས་དང་། རླུང་ནུས། ཉི་ནུས་སོགས་འཕེལ་རྒྱས་གཏོང་བ་དང་། མང་ཚོཌ་དབུལ་པོའི་ཁྲོད་ནུས་རྒྱུ་གྲོན་ཆུང་གི་ཐབ་དང་ཉི་ནུས་གློག་སྒྲོན་སོགས་སྣོད་བཅུད་ནུས་རྒྱུའི་རྣམ་གྲངས་ཁྱབ་གདལ་གཏོང་རྒྱུ།

    གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། གཞུང་ལམ་དྲ་འབྲེལ་ལས་གྲྭ་དང་གྲོང་གསེབ་དབུལ་པོའི་གཞུང་ལམ་བདེ་འཇགས་འགོག་སྲུང་སྒྲིག་ཆས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལམ་རྙིང་པ་དང་། འཇུར་མིག་ལམ། ལོ་མང་ཉམས་བཟོ་བྱས་མེད་པའི་ལམ། འབྲོག་རའི་ལམ། ཉེན་ཟམ་བཅས་ཉམས་བཟོར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་ས་ཁུལ་དབུལ་པོ་དང་ཕྱི་ཕྱོགས་ཀྱི་འགྲིམ་འགྲུལ་ལམ་བུ་ཤར་བགྲོད་ཐུབ་པ་བྱ་རྒྱུ།

    འཕྲིན་གཏོང་སྦྲག་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་སྒུལ་བདེའི་དྲ་རྒྱ་དང་དྲ་ཆེན་དྲ་རྒྱ་ཡོངས་སུ་ཁྱབ་ཐུབ་པ་བྱ་རྒྱུ། སྦྲག་སྲིད་ཀྱི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་སྦྲག་སྲིད་ཁོར་ཡུག་ལེགས་སུ་འགྲོ་བ་བྱས་ཏེ་དབུལ་སྐྱོར་དབུལ་སྒྲོལ་ཐད་ཀྱི་སྦྲག་སྲིད་ཀྱི་དགོས་མཁོ་བསྐང་རྒྱུ་རེད།

    ༢ ཐོན་ལས་ལ་སྐུལ་འདེད་བཏང་ནས་མཉམ་དུ་འཕེལ་རྒྱས་གཏོང་བ།

    སྲིད་ཇུས་ལ་བརྟེན་ནས་དབུལ་སྒྲོལ་འགན་ལེན་དང་ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཐོན་ལས་ནི་འཕེལ་རྒྱས་ཀྱི་གཞི་རྩ་དང་། དབུལ་སྒྲོལ་གྱི་གཞི་རྟེན་གཙོ་བོ། “གཅིག་རེ་ལྔ”ཡི་འདུ་འགོད་ལས་མ་དངུལ་གཏོང་མང་ཤོས་དང་། ཁྱབ་རྒྱ་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་འདུ་འགོད་གལ་ཆེན་ཞིག་བཅས་ཡིན་ལ། ས་ཁུལ་དབུལ་པོའི་རང་ངོས་འཕེལ་རྒྱས་གཏོང་བའི་རྩ་བའི་བྱེད་ཐབས་ཤིག་ཀྱང་རེད།

    ཐོན་ལས་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་ནི་ས་ཁུལ་དབུལ་པོའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཁྲོམ་རའི་དགོས་མཁོ། མང་ཚོགས་དབུལ་པོའི་རང་ངོས་ཀྱི་དོན་དངོས་བཅས་ལ་གཞི་ཚུགས་ནས་ཐོན་སྐྱེད་ཀྱི་གནད་ཆེའི་རྒྱུ་རྐྱེན་གཅིག་སྡུད་ལ་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ལེགས་ཆའི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་འཕེལ་རྒྱས་ཤུགས་ཆེན་གཏོང་བར་སྐུལ་འདེད་གཏོང་བ། ལེགས་ཆའི་ཐོན་ལས་གཞི་ཁྱོན་ཅན་དང་། ལེཌ་བསྡུས་ཅན། རྟེན་གཞི་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ས་ཁུལ་དབུལ་པོའི་ཐོན་ལས་འདེགས་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་དབུལ་པོའི་འབབ་འཕར་ལ་སྣེ་འཁྲིད་ཐུབ་པའི་ཀ་རྟེན་ཐོན་ལས་ཁག་གཅིག་ཆགས་པ་བྱ་རྒྱུ་དེ་རེད།

    ལམ་སྲོལ་གསར་གཏོད་བྱས་ནས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ། ཐོན་ལས་འཕེལ་རྒྱས་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུ་འབྲེལ་མཐུད་བྱས་ནས། མ་རྐང་མཉམ་ལས་དང་། ས་ཞིང་མངག་བཅོལ་དོ་དམ། མངག་ཐོ་རོགས་རམ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་འབོར་དབུལ་པོ་དང་ཐོན་ལས་འཕེལ་རྒྱས་ཀྱི་བྱེད་པོའི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཟོས་ནས་མི་འབོར་དབུལ་པོས་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་འབྲེལ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ།

    ཐབས་ལམ་བཙལ་ནས་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ། ཁྲོམ་རའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་ཡུལ་བབ་དང་བསྟུན་ཏེ་ས་ཁོངས་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ཐོན་ལས་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་ལེགས་ཆ་བཅས་ཀྱི་རྩ་དོན་གཞིར་བཟུང་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། གཙོ་གནད། གཞི་ཁྱོན་བཅས་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་དང་། “གྲོང་ཚོ་རེར་སྤུས་རྟགས་རེ་ཡོད་པའི”ཐོན་ལས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས། བོད་ཀྱི་ས་ཁོངས་ཁྱད་ཆོས་དང་མཐུན་པའི་རོགས་སྐྱོར་སྲིད་ཇུས་བཟོས་ཏེ་ཚོང་འགུགས་མ་འདྲེན་བྱེདཤུགས་ཆེ་རུ་གཏོང་བ་དང་། ངལ་རྩོལ་གཅིག་འདུས་རྣམ་པའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ། ཁྱད་ལྡན་ཐོན་ལས་ཀྱི་ཆེད་ལས་ཤང་གྲོང་དང་ཆེད་ལས་གྲོང་ཚོ་གཏོད་པ་བཅས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་དང་ཕན་འབྲས་རང་བཞིན་མཐོ་རུ་གཏོང་རྒྱུ་རེད།

    ༣ མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།

    མང་ཚོགས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོ་ཡིན། མང་ཚོགས་དབུལ་སྒྲོལ་ལ་ཞུགས་ཚེ། གཞི་ནས་དབུལ་སྒྲོལ་ཐུབ་པ་དང་། མང་ཚོགས་ལ་ཡུན་ཕན་གྱི་ཡོང་འབབ་འཕར་བ་བྱ་རྒྱུ་ནི་རྩ་བའི་བྱ་ཐབས་ཤིག་རེད།

    དབུལ་སྐྱོར་བྱ་ཡུལ་གྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་པ་དང་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་ནས། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ནི་འགག་རྩ་ཞིག་རེད་ལ། དམིགས་ཡུལ་ཡང་རེད། མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་པ་ཐོབ་མཁན་ཏུ་འགྱུར་བ་བྱེད་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་མཁན་དུའང་འགྱུར་བ་བྱེད་དགོས།

    བྱེད་ཐབས་གསར་གཏོད་བྱེད་པ་དང་བྱེད་སྒོར་བརྟེན་ནས་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་དུད་ཚང་དབར་དང་། གྲོང་ཚོའི་དབར་དབུལ་སྒྲོལ་འགག་སྒྲོལ་གྱི“འགྲན་སློབ་སྙེག་བརྒལ”གྱི་འགྲན་བསྡུར་བྱེད་སྒོ་སྤེལ་ནས་རང་བརྟེན་དབུལ་སྒྲོལ་དང་ལས་བརྩོན་ཕྱུག་འགྱུར་བྱེད་མཁན་གྱི་དཔེ་མཚོན་དང་། འབད་བརྩོན་ལྷོད་མེད་བྱེད་མཁན། ཐབས་བརྒྱ་ཇུས་སྟོང་གིས་རང་འགུལ་ངང་དབུལ་སྒྲོལ་བྱེད་མཁན་བཅས་ཀྱི་གྲོང་ཚོར་གཟེངས་བསྟོད་བྱེད་པ་དང་། ལས་བརྩོན་ཕྱུག་འགྱུར་ནི་གཟི་བརྗིད་དང་བ་ཉལ་མཛོ་གྲོད་ནི་ཞེ་ཁྲེལ་ཡིན་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཙུགས་ཏེ་“གཞན་སྐུལ”ནས“རང་འགུལ”དུ་གྱུར་བ་བྱ་རྒྱུ་དེ་བདེ་སྐྱིད་འཚོ་བར་དོན་གཉེར་བྱེད་པའི་སྤྲོ་སེམས་དང་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས།

    ལམ་སྲོལ་གསར་གཏོད་བྱས་ནས་དཔེ་མཚོན་ལ་བརྟེན་ནས་མང་ཚོགས་ལ་ཁྲིད་སྟོན་བྱེད་དགོས། གྲོང་སྲོལ་དམངས་ཆིངས་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་དུད་ཚང་དབུལ་པོར་བསྲུང་བྱ་རྣམ་གསུམ་བཟོ་རྒྱུ་དང་ཟུང་འབྲེལ་བྱས་ནས་བསམ་བློར་བཅིངས་འགྲོལ་དང་། ཚན་རིག་གོང་ན་བཀུར་བ། ལས་བརྩོན་ཕྱུག་འགྱུར། རྒན་རྒོན་འཚོ་སྐྱོང་། ཀུན་སྤྱོད་གོང་བཀུར་བཅས་བྱེད་མཁན་གྱི་ཞིང་འབྲོག་དུད་ཚང་ལེགས་འདེམས་བྱེད་པ་དང་བྱ་དགའ་སྤྲད་ནས་གྲོང་སྲོལ་ཤེས་དཔལ་དང་ཀུན་སྤྱོད་གོང་དུ་བཀུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།