[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས་བྲག་འཛེག་ཐད་ལས་རིགས་དང་རྣམ་གྲངས་ལས་བརྒལ་ནས་ལུས་རྩལ་པ་གདམ་གསེས་བྱེད་པའི་ལས་དོན་སྤེལ་འགོ་བཙུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-10

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། བོད་ཀྱི་བྲག་འཛེག་རྣམ་གྲངས་ཐད་ལས་རིགས་དང་རྣམ་གྲངས་ལས་བརྒལ་ནས་ལུས་རྩལ་པ་གདམ་གསེས་བྱེད་པའི་ལས་དོན་ཚེས་3ཉིན་སྤེལ་འགོ་ཚུགས་ཤིང་། ལུས་རྩལ་པ་གདམ་གསེས་བྱེད་པའི་དམིགས་ཡུལ་ནི་བྲག་འཛེག་དང་ལུས་རྩལ་གྱི་རྣམ་གྲངས་གཞན་དག་ཁྲོད་ནས་ཆུ་ཚད་མཐོ་བའི་བྲག་འཛེག་ནང་སྦྱོང་བྱ་རྒྱུ་དང་འཚམ་པའི་ན་གཞོན་ལུས་རྩལ་པ་གདམ་གསེས་བྱ་ཆེད་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་བོད་ཀྱི་བྲག་འཛེག་རྣམ་གྲངས་ཐད་ལུས་རྩལ་པ་གདམ་གསེས་བྱ་རྒྱུ་ནི་ལོ་15ནས་ལོ་17བར་ཡིན་པ་དང་། གཞན་ཡང་ལོ་11ནས་13བར་གྱི་རྗེས་གྲབས་ལུས་རྩལ་པ་གཏན་འཁེལ་བྱ་ཆེད་ཡིན་པ་རེད། ཚད་ལེན་ཚོད་ལྟའི་རྣམ་གྲངས་ཀྱི་གྲས་སུ་གཟུགས་པོའི་གནས་ཚུལ་དང་། རྐང་ཤུགས་དང་དེ་བཞིན་མཛུབ་ཤུགས་བཅས་ཀྱི་ཚད་ལེན་ཚོད་ལྟ་ཚུད་ཡོད་པ་དང་ཁྱོན་གདམ་གསེས་ཐེངས་གསུམ་བྱ་རྒྱུ་རེད།

    ཚེས་3ཉིན་གྱི་ཚད་ལེན་ཚོད་ལྟ་བྱེད་རིང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭའི་སློབ་མ་89ལོ་11ནས་13བར་གྱི་ཐོག་མའི་ཚོད་ལྟར་ཞུགས་པ་དང་། ལོ་15ནས་17བར་གྱི་ཐོག་མའི་ཚོད་ལྟ་དེ་ཉེ་ཆར་ཅང་ཤིས་བཀོལ་སྤྱོད་ལས་རིགས་ལག་རྩལ་སློབ་གླིང་གཞོན་ནུ་ལོ་ཆུང་བྲག་འཛེག་སྤྲོ་སྐྱིད་ཁང་དུ་བྱ་རྒྱུ་དང་བོད་ཀྱི་བྲག་འཛེག་རུ་མི་8གདམ་གསེས་ནང་ཞུགས་རྒྱུ་རེད།

    ད་རེས་མི་སྣ་གདམ་གསེས་ལས་དོན་གྱི་འགན་འཁུར་མཁན་བོད་ལྗོངས་རི་འཛེག་རུ་ཁག་གི་རུ་དཔོན་ངག་དབང་བཀྲ་ཤིས་ཀྱིས་བྲག་འཛེག་ནི་བོད་ཀྱི་ལེགས་ཆ་ལྡན་པའི་རྣམ་གྲངས་ཤིག་རེད། བོད་ཀྱི་ལུས་རྩལ་པ་དུས་ཡུན་རིང་པོ་ས་མཐོར་འཚོ་བ་སྐྱེལ་གྱི་ཡོད་པས་སྙུགས་ཤེད་རྣམ་གྲངས་ཐད་ལེགས་ཆ་ཆེན་པོ་ལྡན་པ་དང་རྒྱལ་སྤྱིའི་འགྲན་བསྡུར་ནང་ཚད་བརྒལ་ཡོང་རྒྱུའི་སྟོབས་ཤུགས་དངོས་ལྡན་ཡོད་ཅེས་བཤད།

    བོད་ཀྱི་བདམས་ཐོན་པ་རིན་ཆེན་ལྷ་མོས་2013ལོའི་ཨེ་ཤེ་ཡའི་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་ནང་བུད་མེད་ཀྱི་དཀའ་ཚད་འགྲན་བསྡུར་དང་བྲག་འཛེག་འགྲན་བསྡུར་གཉིས་ཀར་ཨང་དང་པོ་བླངས་པ་མ་ཟད། མཇུག་འགྲིལ་མ་ཐག་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་ཀྱི་བྲག་འཛེག་འགྲན་བསྡུར་གྱི་བུད་མེད་ཀྱི་དཀའ་ཚད་འགྲན་བསྡུར་དང་བྲག་འཛེག་འགྲན་བསྡུར་གཉིས་ཀའི་ཨང་གཉིས་པ་བླངས་ནས་བོད་ཀྱི་བྲག་འཛེག་ལུས་རྩལ་གྱི་སྟོབས་ཤུགས་མངོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།