[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཙོད་རྗེས་འདེད་བཏང་བས་ཁྲིམས་ཆད་ནན་པོ་ཕོག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-09

    微信图片_20171009162602.jpg

    འདི་ནི་བོད་སྐྱོང་ལྗོངས་ནགས་ལས་ཐིང་གིས་གནད་དོན་དང་འབྲེལ་བ་ཡོད་མཁན་ལ་སྲིད་འཛིན་ཆད་གཅོད་གཏན་འབེབས་སྒྲོག་སྦྱངས་བྱེད་པའི་གནས་ཚུལ་ཡིན་པ།

    ཟླ་10ཚེས་8ཉིན་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་དྲ་དམངས་ཁྲོད་བསམ་འཆར་ཆེ་བའི“བྱེས་བགྲོད་རླངས་འཁོར་གྱིས་གཙོད་རྗེས་འདེད་བཏང་བའི”གནད་དོན་དེར་ཁྲིམས་བཞིན་ཐག་གཅོད་བྱས་པ་རེད།

    གནད་དོན་དེ་དང་འབྲེལ་བ་ཡོད་པའི་མི་བདུན་པོ་དེ་དག་གིས་ཆོག་མཆན་མ་ཐོབ་པར་རང་དགར་རང་བྱུང་སྲུང་སྐྱོང་ཁུལ་དུ་འཛུལ་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་རྒྱུད་འཕེལ་བྱེད་པར་འགོག་རྐྱེན་བཟོས་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་སྡོད་བྱ་ཡུལ་ལ་གཏོར་བཤིག་བཏང་བ་དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐམ་སའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ལག་བསྟར་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》བཅས་ལས་འགལ་བས་དམིགས་སུ་ཐག་གཅོད་བྱས་པ་གཤམ་གསལ་ཏེ།

    1.《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐམ་སའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ལག་བསྟར་སྲོལ་ཡིག》གི་འབྲེལ་ཡོད་དོན་ཚན་གཞིར་བཟུང་། གནད་དོན་དེ་དང་འབྲེལ་བ་ཡོད་པའི་མི་བདུན་པོ་མི་རེ་ངོ་རེར་དངུལ་ཆད་སྒོར་10000བཅད་པ་དང་།

    2.《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》གི་འབྲེལ་ཡོད་དོན་ཚན་གཞིར་བཟུང་གནད་དོན་དེ་དང་འབྲེལ་བ་ཡོད་པའི་མི་བདུན་པོ་མི་རེ་ངོ་རེར་དངུལ་ཆད་སྒོར་5000བཅད་པ།

    3.གནད་དོན་དེ་དང་འབྲེལ་བ་ཡོད་པའི་མི་སྣར་ཞིབ་བཤེར་གཏིང་ཟབ་བྱེད་དགོས་པའི་བཀའ་བཏང་བ།

    4.གནད་དོན་ཐོན་སའི་སེར་གླིང་མཚོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲོས་ཆོད་དོ་དམ་པའི་ལོ་དེ་གའི་བྱ་དགའ་དང་ལེགས་འདེམས་ཀྱི་ཐོབ་ཐང་མེད་པར་བཟོས་པ་མ་ཟད། ཟླ་གསུམ་རིང་གི་གཞི་རྩའི་ཁ་གསབ་མེད་པར་བཟོས་པ།

    5.ནག་ཆུ་ས་ཁུལ་ཤན་རྩ་རྫོང་ལ་སེར་གླིང་མཚོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ནུས་ལྡན་མ་བྱུང་བའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་པའི་བཀའ་བཏང་བ་བཅས་སོ།

    གནད་དོན་དེ་དང་འབྲེལ་བ་ཡོད་པའི་མི་བདུན་པོ་དེ་དག་གིས་ཉེས་ཆད་བཏང་བར་བརྩི་བཀུར་དང་ལེན་མཐའ་གཅིག་ཏུ་ཞུས་པ་མ་ཟད། རང་འགུལ་ངང་སྔ་འགྱོད་ཕྱི་འདོམས་ཡི་གེའང་བསྐྱལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།