[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བསོད་ནམས་རྒྱ་མཚོ་གནད་སྨིན་དབུལ་སྐྱོར་ལ་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-09

    ངའི་མིང་ལ་བསོད་ནམས་རྒྱ་མཚོ་ཟེར་གྱི་ཡོད། རང་སྐྱོང་ལྗོངས་དབུལ་སྐྱོར་གསོ་སྦྱོང་ལྟེ་གནས་ཀྱི་འགན་འཁུར་བ་ཞིག་ཡིན། དེ་སྔ་རང་སྐྱོང་ལྗོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་སོགས་སྡེ་ཚན་དུ་ལས་ཀ་བྱེད་མྱོང་ཡོད། དབུལ་སྐྱོར་ལས་གནས་ཐོག་ལས་ཀ་ལོ་17བྱས་པ་ཡིན།

    བོད་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་འཕེལ་རིམ་ལ་བལྟ་སྐབས། འགྱུར་ལྡོག་ཆེ་ཤོས་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔའི་ནང་བྱུང་ཡོད།ལོ་5ཡི་ནང་སྒྲིག་གཞི་འཛུགས་པའི་ཐད་དེ་སྔའི་ཁྲུའུ་དང་ཁང་6ནས་ད་ཆ་ཁྲུའུ་དང་ཁང(ལྟེ་གནས)9བར་མང་དུ་ཕྱིན་པ་དང་ལས་ཁུངས་ཀྱི་ལས་མི་ཡང་ལོ་ལྔའི་གོང་གི་མི་60ལྷག་ཙམ་ནས་ད་ཆའི་མི་80ལྷག་ཙམ་བར་མང་དུ་ཕྱིན་ཡོད། དབུལ་སྐྱོར་བྱེད་ཐབས་ཐད་དེ་སྔའི་ཚན་པ་གཅིག་པུས་སྒྲུབ་པ་ནས་ད་ཆ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྤྱི་ཚོགས་ཧྲིལ་པོ་ཞུགས་ནས་དབུལ་སྐྱོར་གསར་སྤེལ་གྱི་བྱ་གཞག་སྤེལ་གྱི་ཡོད། མ་དངུལ་གཏོང་བའི་ཐད་ནས་བལྟས་ན། ན་ནིང་ལོ་གཅིག་ཁོ་ནར་མ་དངུལ་སྒོར་དུང་ཕྱུར་གཅིག་ཡན་ཟིན་པ་དེ་ལོ་5ཡི་གོང་གི་ལྡབ་3ལྷག་ཙམ་ཟིན་གྱི་ཡོད། སྲིད་ཇུས་དང་བྱེད་ཐབས་ཐོག་ནས་བལྟས་ན། རྩ་འཛུགས་ཀྱི་མ་ལག་དང་། སྲིད་ཇུས་ཀྱི་མ་ལག འཆར་འགོད་ཀྱི་མ་ལག མ་འཇོག་གི་མ་ལག འགན་འཁྲིའི་མ་ལག ལྟ་སྐུལ་གྱི་མ་ལག དཔྱད་ཞིབ་ཚོད་སྐོར་མ་ལག་བཅས་ཚུད་པའི་མཉམ་འདྲེས་མ་ལག་འཐུས་ཚང་ཞིག་བཙུགས་ཡོད།

    ལྗོངས་ཡོངས་སུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་འགོ་ཚུགས་ཚུན། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཅིང་། 2016ལོར་ལྗོངས་ཡོངས་སུ་མི་འབོར་དབུལ་པོ་ཁྲི་14.7ཚང་མ་དབུལ་སྒྲོལ་ཐུབ་པ་བྱུང་བ་དང་། གྲོང་ཚོ་དབུལ་པོ་1008དང་རྫོང(ཆུས)10དབུལ་སྒྲོལ་ཐུབ་པ་བྱུང་བ། དབུལ་སྒྲོལ་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན། ང་ཚོས་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་གསར་འབྱེད་ཡར་བརྩོན་དང་། ལས་དོན་ཏན་ཏིག་སྒྲུབ་སྟེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤདཔ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།