[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྡེ་ཚན་ཁག་གིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་རྒྱག་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-07

    ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པ་རང་ལྗོངས་སུ་བཅའ་སྡོད་བྱས་ཚུན་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་ཁོར་ཡུག་སྲུང་སྐྱོང་གནད་དོན་ནུས་ཤུགས་ཡོད་རྒུས་དག་ཐེར་བྱེད་པ་དང་། གནད་དོན་ལ་ཐད་ཀར་ཕྱོགས་པ་དང་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་དག་ཐེར་བྱས་ནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་རྒྱག་འགོ་བཙུགས་ཏེ་ནུས་ལྡན་གྱི་བྱ་ཐབས་ཀྱི་ཐོག་ནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་རེད།

    སྤྱི་བདེ་སྡེ་ཚན་གྱིས། འཕྲུལ་སྒུལ་འཁོར་རིགས་ལ་མཇུག་རླངས་ཀྱི་སྦགས་བཙོག་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་བ།

    སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་དང་། སེར་རྟགས་རླངས་འཁོར། ཁྲའེ་ཡིའུ་འཁོར་རིགས། གཉེར་སྐྱོང་འཁོར་རིགས་ནས་གཉེར་སྐྱོང་མིན་པའི་འཁོར་རིགས་ལ་བསྒྱུར་བའི་འཁོར་རིགས་བཅས་ལ་མཐིལ་རྟོགས་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མཇུག་རླངས་འབུད་ཚད་ལ་ལྟ་སྐུལ་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལམ་ངོས་ཀྱི་མཉམ་འགུལ་ཁྲིམས་འཛིན་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མཇུག་རླངས་ཚད་ལས་བརྒལ་གི་འཁོར་རིགས་སྣ་ཚོགས་ལ་ཞིབ་བཤེར་ནན་པོ་བྱས་པ་རེད།

    འཕྲོད་བསྟེན་སྡེ་ཚན་གྱིས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་མངོན་གསལ་དོད་པོ་ཡོང་བ་བྱས་པ།

    འཕྲོད་བསྟེན་སྡེ་ཚན་གྱིས་ལས་རིགས་ཀྱི་འགན་འཁྲི་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྨན་བཅོས་ཀྱི་སྙིགས་རོ་དང་། སྨན་བཅོས་བཙོག་ཆུའི་ཆེད་མི་དོ་དམ། ཚད་ལྡན་ཅན་གྱི་ཐག་གཅོད་དང་འཕྲལ་སྡོམ་ཐག་གཅོད་སོགས་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། སྨན་བཅོས་ཀྱི་སྙིགས་རོ་གཞན་སྒྱུར་དང་། སྨན་བཅོས་གད་སྙིགས་གཙང་སེལ་སྨན་བཅོས་ཀྱི་སྙིགས་རོ་བསྡུ་རུབ་ཉར་ཚགས་སོགས་ལྷུ་ཚིགས་དོ་དམ་གྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་། སློབ་གྲྭ སྤྱི་པའི་བྱེད་སྒོ་སྤེལ་ཡུལ་བཅས་280ལྷག་ཙམ་ལ་ཞིབ་བཤེར་བྱེད་པ་དང་གནད་དོན་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ་དང་། བྱེད་ཐབས་གནད་ལ་མ་འཁེལ་བ། དམིགས་ཚད་གསལ་པོ་མེད་པ་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།

    ཞིང་འབྲོག་སྡེ་ཚན་གྱིས། ཞིང་འབྲོག་ལས་ཀྱི་སྦགས་བཙོག་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་བཏང་བ།

    རྫས་ལུད་དང་སྨན་རྫས་ལ་གྲོན་ཆུང་བྱེད་པའི་ཐད། ས་དཔྱད་ལུད་སྦྱོར་གྱི་ལུད་རྒྱག་སྟངས་ལག་བསྟར་གཏིང་ཟབ་བྱེད་པ་དང་ས་དཔྱད་ལུད་སྦྱོར་གྱི་རྒྱ་ཁྱོན་གྱིས་འབྲུ་རིགས་དང་པད་ཁའི་འདེབས་ཁྱོན་གྱི་57%བཟུང་ནས་རྫས་ལུད་སྤྱོད་ཚད་དང་ཞིང་སྨན་སྤྱོད་ཚད་འཕར་མེད་པ་རེད། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་སྦགས་བཙོག་འགོག་བཅོས་ཐད་གཙང་སྦྲ་ལྡན་པའི་སྒོ་ནས་ཐོན་སྐྱེད་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་སོགས་སྒོ་ཕྱུགས་དང་ཁྱིམ་བྱའི་བཙོག་གཅིན་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་སྟངས་ལག་བསྟར་ཧུར་ཐག་བྱས་ནས་རྒྱལ་ཁབ་རིམ་པའི་ཚད་ལྡན་ཅན་གྱི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ར་བ་14བསྐྲུན་པ་དང་། རྫབ་རླངས་ལས་གྲྭས་སྦྲེལ་ཐག་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་བཙོག་གཅིན་སྦགས་བཙོག་ཐོན་ཁུངས་ཅན་གྱི་སྤྱོད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་རྫབ་རླངས་རྣམ་གྲངས་ཆེ་འབྲིང་15བསྐྲུན་ཡོད་པ་རེད། སོག་མ་ཕྱོགས་བསྡུས་བེད་སྤྱོད་ཐད་སོག་མ་གཟན་ཆག་དང་ལུད་ལ་བསྒྱུར་བའི་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་བས་སོག་མ་ཕྱོགས་བསྡུས་སྤྱོད་ཚད་77%བར་མཐོ་རུ་ཕྱིན་ཡོད་པ་རེད། ཕག་པ་བཤས་གཏོང་ལ་ཞིབ་བཤེར་བྱེད་པའི་ཐད་ཕག་པ་བཤས་གཏོང་བའི་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་བྱེད་སྒོ་ཐེངས་241སྤེལ་བ་དང་ཁྲིམས་འཛིན་མི་སྣ་མི་ཐེངས་680བཏང་ནས་ལྗོངས་ཡོངས་ཀྱི་ཕག་པ་བཤས་གཏོང་སར་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    བཟོ་འཕྲིན་སྡེ་ཚན་གྱིས། རྗེས་ལུས་ཐོན་ནུས་མེད་པ་བཟོས་ནས་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་བཏང་བ།

    རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་རང་འགུལ་ངང་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཨར་འདམ་ལས་རིགས་ཀྱི་རྗེས་ལུས་ཐོན་སྐྱེད་བྱེད་ས་12སྒོ་བརྒྱབ་ནས་ལས་མཚམས་བཞག་པ་དང་རྗེས་ལུས་ཐོན་ནུས་ཏུན་ཁྲི་153མེད་པ་བཟོས་པ་རེད། ངར་ལྕགས་ཁེ་ལས་1མེད་པ་བཟོས་པ་རེད། ཨར་འདམ་བཟོ་སའི་འཕྲུལ་འཁོར་གཅིག་བཤིག་པ་དང་། ས་གནས་ས་ཐོག་ཏུ་ལྟ་བཤེར་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་བཟོ་ལས་ལས་རིགས་ནས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་སྣ་ཚོགས་37རྩད་ཆོད་པའི་ནང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་གནད་དོན་19ལ་བརྡ་ལན་སློག་པ་དང་གནད་དོན་18རང་བཤེར་ཐུབ་ཡོད། མིག་སྔའི་བར་གནད་དོན་22དག་ཐེར་ཟིན་པ་དང་། གནད་དོན་6དག་ཐེར་བྱེད་བཞིན་པ། གནད་དོན་9དུས་ཡུན་རིང་དག་ཐེར་བྱེད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།