[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འབབ་འཕར་ཕྱུག་འགྱུར་གྱིས་འཚོ་བར་དགའ་ཞེན་བྱེད།

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལག་ལེན་བསྟར་བའི་སྐོར་རེ་རེ་བཞིན་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-30

    428716_yis_1503984132229.jpg

    འདི་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་ཚོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བྱེད་སྒོའི་ནང་གྲོང་མི་ཞིག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཟིན་བྲིས་ལ་ལྟ་བཞིན་པ།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་ཁ་རུབ་གྲོང་ཚོའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་ཤེས་སྤྱོད་ཟུང་འབྲེལ་ངང་སྒྲོག་འགྲེལ་བྱེད་སྐབས་རིག་པའི་གནས་ལ་སྦྱངས་པ་ཧུར་ཐག་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དོན་སྙིང་གསལ་འགྲེལ་བྱས་ཡོད།

    ཉེ་ཆར་ཁ་རུབ་གྲོང་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བྱེད་སྒོ་གྲོང་ཚོ་ཨུ་ལྷན་གྱི་ཚོགས་ཁང་དུ་གཉེར་བ་རེད།

    ཁ་རུབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་དགས་བྱེད་སྒོ་གཙོ་སྐྱོང་བྱས་མ་ཐག་དེར་ཡོད་མི་ཚང་མར“‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་གང་དང་གང་ཡིན་པ་ཤོད་དང”ཞེས་དྲིས།

    “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་རེད་ཅེས་ཚང་མས་གཅིག་གྱུར་ངང་ལན་བཏབ་པའི་སྐད་སྒྲ་ཚོགས་ཁང་ཡོངས་སུ་བསྒྲགས།

    དེ་རྗེས་བུ་དགས་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་། ཞིང་དར་ཞིང་ཕན་སྲིད་ཇུས། ལས་བརྩོན་ཕྱུག་འགྱུར་སོགས་ཀྱི་ནང་དོན་ལ་དམིགས་ནས་ཉེ་བའི་ལོ་ཤས་རིང་གི་གྲོང་ཚོའི་འཕོ་འགྱུར་སྐོར་གླེང་བ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་པེ་ཅིང་གི་བོད་སྐྱོར་མ་དངུལ་སྒོར་ཁྲི་2541ཁ་རུབ་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྤྱད་དེ་ཁ་རུབ་གྲོང་ཚོར་འཕྲད་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་ཡོད། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་སྤྲོ་གསེང་རོལ་རྩེད་དང་སྐྱེལ་འདྲེན་ཨར་ལས་ལ་དམ་པོར་དམིགས་ནས་ཕྱོགས་གཉིས་ཀ་འཕེལ་རྒྱས་འགྲོ་ཐུབ་པ་བྱས་ཡོད།

    ཁྱོན་མ་དངུལ་སྒོར་ཁྲི་600བཏང་བའི་ཁ་རུབ་གྲོང་ཚོའི་སྣོད་བཅུད་ཞིང་ལས་ཉམས་ལེན་ཁུལ་དེ་ཉིད་ད་ཆ་ཡུལ་སྐོར་དང་། ལྟ་སྐོར། སྤྲོ་གསེང་། བོད་ཁྱིམ་སྤྲོ་སྐྱིད་ཁང་། ཤིང་འབྲས་དང་སྔོ་ཚལ་འཐུ་ཡུལ། ནུས་ཆེའི་ཉི་འོད་དྲོད་ཁང་བཅས་གཞི་གཅིག་ཏུ་འདུས་པའི་སྣོད་བཅུད་ཞིང་ལས་ཉམས་ལེན་ཁུལ་དུ་གྱུར་ཡོད། ཁུལ་དེའི་དྲོད་ཁང་ཆེ་མོའི་ནང་གི་ཤིང་འབྲས་དང་སྔོ་ཚལ་སྐྱེ་འཚར་བཟང་བ་དང་། གླིང་ཁའི་ནང་གུར་སྣ་ཚོགས་བརྒྱབ་པ། ཤང་ཤང་དུ་རྒྱུག་པའི་ཆུ་ཕྲན་ཅལ་ཅལ་དུ་བཞུར་བ་སོགས་མཛེས་ཤིང་ཉམས་དགའ་བ་ཞིག་ཡོད།

    དེ་གར་ལས་ཀར་བསྐྱོད་བཞིན་པའི་ཡིགས་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་བཅུ་ལྷག་ཙམ་ལ་ཟླ་རེར་ཡོང་འབབ་སྒོར་2000ཙམ་ཡོང་གི་ཡོད། འདི་ལོའི་ཟླ་6པར་ཉམས་ལེན་ཁུལ་དུ་ཡོང་འབབ་ཁེ་གཙང་སྒོར་ཁྲི་2ཟིན་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཐབས་ལམ་བཟང་པོ་ཞིག་བཏོད་ཡོད།

    མིག་སྔར། ཁ་རུབ་གྲོང་ཚོར་བྱེ་རྡོ་ར་བ་དང་། སྣོད་བཅུད་ཞིང་ལས་ཉམས་ལེན་ཁུལ། ཞིང་འབྲོག་པའི་ཨར་ལས་རུ་ཁག་སོགས་མཉམ་སྡེབ་དཔལ་འབྱོར་མང་པོ་ཞིག་ཡོད་པ་དང་། 2016ལོར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་43ཟིན་ཡོད།

    “ཏང་གི་སྲིད་ཇུས་བཟང་པོར་བརྟེན་དགོས་ལ་ད་དུང་རང་སྟོབས་རང་སྤེལ་ཡང་བྱེད་དགོས། རང་ཉིད་ཀྱིས་དཀའ་བ་སྤྱད་དེ་དངུལ་བསགས་ན་གཞི་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ”ཅེས་པའི་བུ་དགའི་སྐད་ཆ་འདི་ད་ཆ་གྲོང་ཚོ་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་པ་དང་། “གནས་གཅེས་ལས་བརྩོན་དང་དཀའ་བ་སྤྱད་ན་ཕྱུག་པོ་ཆགས་པ་དང་། ཟ་མཁས་འཐུང་མཁས་བྱས་ན་རྒྱུ་ནོར་བསགས་ཐུབ”ཅེས་པ་དེ་རྒྱུན་ཤེས་ཤིག་ཏུ་གྱུར་ཡོད།

    རིག་འཛིན་དབང་ཕྱུག་ནི་ཁ་རུབ་གྲོང་ཚོའི་ལས་བརྩོན་ཕྱུག་འགྱུར་གྱི་དཔེ་མཚོན་ཞིག་རེད།

    2014ལོའི་གོང་། རིག་འཛིན་དབང་ཕྱུག་ནི་བདེན་པ་བདེན་ཐུབ་ཀྱི་ཞིང་པ་ཞིག་ཡིན་ཞིང་། 2014ལོར་མི་ཞིག་གིས་རིག་འཛིན་དབང་ཕྱུག་ལ་སྒུལ་འཕྲིན་ཀུང་སིའི་བརྡ་རྟགས་སྦྲེལ་ཚུགས་ཀྱི་སྒྲིག་སྦྱོར་ལས་གྲྭ་འགན་གཙང་ལེན་རྒྱུའི་ངོ་སྤྲོད་བྱས། དེས་ཁོང་ལ་འཕྲད་དཀའ་བའི་གོ་སྐབས་ཤིག་བྱུང་ཡོད།

    ལས་གྲྭ་མཇུག་འགྲིལ་རྗེས་རིག་འཛིན་དབང་ཕྱུག་གིས་རྫོང(ཆུས)ཁག་ཏུ་བརྡ་རྟགས་སྦྲེལ་ཚུགས་ཀྱི་སྒྲིག་སྦྱོར་ལས་གྲྭ་རང་འགུལ་ངང་འགན་གཙང་ལེན་པར་འགྲོ་གི་ཡོད། ལོ་འགའ་ཤས་སོང་རྗེས་རིག་འཛིན་དབང་ཕྱུག་དང་དུད་སྦྲེལ་ཚན་པ་ཚུད་པའི་མང་ཚོགས་དུད་ཚང་8ཀྱིས་སྔ་རྗེས་སུ་འཇོ་མདའ་དང་། མཛོ་སྒང་། གོ་འཇོ་བཅས་རྫོང་གསུམ་དུ་ལས་གྲྭ་འགན་གཙང་ལེན་པར་བསྐྱོད་ཡོད།

    “མཐོ་སར་འཛེག་སྐབས་ཉིན་གཅིག་ལ་གླ་ཆ་སྒོར་300དང་གློག་སྐུད་འཁྲིད་སྐབས་ཉིན་རེར་སྒོར་200ཡོད་པ་མ་ཟད་ད་དུང་ལྟོ་ཆས་དང་སྡོད་ས་ཐག་གཅོད་བྱེད་ཀྱི་ཡོད། 2016ལོར་ང་ལ་ཡོང་འབབ་སྒོར་ཁྲི་3.8བྱུང་། མཐོ་སར་འཛེག་མཁན་མི་འགའ་ཤས་ལ་སྒོར་ཁྲི་5ཙམ་དང་གློག་སྐུད་འཁྲིད་མཁན་ལའང་སྒོར་ཁྲི་2ཙམ་བྱུང་ཡོད”ཅེས་རིག་འཛིན་དབང་ཕྱུག་གིས་གསར་འགོད་པར་བཤད།

    འདི་ལོ་ལོ་36ལ་སླེབས་པའི་ལྷག་པ་ཚེ་རིང་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། ལོ་80ལྷག་ཙམ་སོན་པའི་ཨ་མ་དང་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། ཨ་མ་གཟུགས་པོ་སྐྱོ་པོ་ཡོད་པས་ལྷག་པ་ཚེ་རིང་ཕྱིར་གླ་པར་འགྲོ་མི་ཐུབ་པར་མཐའ་འཁོར་དུ་ལས་ཀ་ཙག་ཙིག་བྱས་ཏེ་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད།

    དུད་སྦྲེལ་སྤྱི་མི་རིག་འཛིན་དབང་ཕྱུག་གི་རོགས་རམ་འོག ལྷག་པ་ཚེ་རིང་གིས་ཧུར་ཐག་འབད་ཐག་བྱས་ནས་ཁ་ལོ་བའི་ཡིག་རྒྱུགས་བཏང་བ་དང་། དེ་རྗེས་དངུལ་བུན་གཡར་ཏེ་ལག་བརྒྱུད་ཟོག་འདྲེན་རླངས་འཁོར་ཆུང་ངུ་ཞིག་ཉོས་ནས་སྐྱེལ་འདྲེན་ལས་ལ་གཞོལ།

    སྒྲུབ་ཐུབ་པའི་ལས་ཀ་ཡིན་ཕྱིན་ལྷག་པ་ཚེ་རིང་གིས་ཚང་མ་སྒྲུབ་རྐྱང་བྱེད་པ་དང་། གྲོང་མི་ཚོས་ཀྱང་ཁོང་ལ་ལས་ཀ་ངོ་སྤྲོད་བྱེད་འདོད་བྱེད་ཀྱི་ཡོད་པས་ལོ་གཅིག་སོང་རྗེས་ཡོང་འབབ་སྒོར་ཁྲི་གཉིས་གསུམ་ཙམ་བྱུང་ཡོད།

    ཁ་རུབ་ཆུས་ཀྱི་གྲོང་མིས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན་པ་ཤེས་རྟོགས་ཟབ་མོ་བྱུང་ཞིང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཁོང་ཚོས་བདག་པོའི་ནུས་པ་གང་ལེགས་བཏོན་ནས་འབབ་འཕར་ཕྱུག་འགྱུར་དང་འཚོ་བར་དགའ་ཞེན་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།