[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་དུ་བོད་རྒྱ་སྐད་ཡིག་གཉིས་ཀྱི་གཞུང་ཞབས་པ་བསྡུ་བའི་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

     ཚེས་9ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་ཏང་ཨུད་ཀྱི་དྲུང་ཆེ། རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཧྥང་ལིན་མིན་གྱིས་གཙོ་སྐྱོང་གནང་ནས་ཆེད་དོན་ཚོགས་འདུ་འཚོགས་ཏེ། 2017ལོར་བོད་དུ་བོད་རྒྱ་སྐད་ཡིག་གཉིས་ཀྱི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཧྥང་ལིན་མིན་གྱིས་གཅིག་ནས་དྲིལ་བསྒྲགས་གནད་འཁེལ་བྱས་ཏེ་བརྙན་འཕྲིན་དང་། ཚགས་པར་དུས་དེབ། དྲ་རྒྱ་སོགས་རིགས་ཁག་གི་སྨྱན་སྦྱོར་བརྒྱུད་དེ་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་ཐུགས་ཁུར་དང་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མའི་སློབ་ཞུགས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པ་དང་། མཐོ་སློབ་ཁག་གིས་སློབ་མ་ཚང་མར་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ཚང་མས་ཤེས་ཐུབ་པ་བྱེད་དགོས། གཉིས་ནས་སྐུལ་སློང་གཏིང་ཟབ་བྱས་ཏེ། མཐོ་སློབ་ཁག་གིས་ལོ་འདིའི་སློབ་ཐོན་སློབ་མར་ད་ཐེངས་གཞུང་ཞབས་པ་བསྡུ་བའི་ལས་དོན་གྱི་དོན་སྙིང་གལ་ཆེན་དང་འབྲེལ་ཡོད་སྲིད་ཇུས་གསལ་བཤད་བྱེད་པ་དང་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཟུང་འབྲེལ་དམ་ཟབ་བྱ་རྒྱུའི་སྐུལ་ལྕག་བྱེད་དགོས་པ། གསུམ་ནས་སྲིད་ཇུས་ལ་སྟངས་འཛིན་བྱས་ཏེ། ལས་བསྡུའི་ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱར་ནན་པོར་གཞིགས་ནས་ལས་དོན་བསྒྲུབས་ཏེ་ལས་བསྡུའི་ལས་དོན་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྤེལ་རྒྱུ་འགན་ལེན་བྱ་དགོས་པ། བཞི་ནས་ལས་དོན་ཞིབ་ཚགས་སུ་བཏང་སྟེ་སྔ་ཕྱི་བར་གསུམ་དུ་མི་དམངས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་ལས་དོན་དེ་བས་ཞིབ་ཚགས་སུ་བཏང་ནས་ནོར་འཁྲུལ་མེད་པའི་འགན་ལེན་བྱེད་དགོས་པ། ལྔ་ནས་སྒྲིག་ཁྲིམས་ནན་པོ་བསྲུངས་ཏེ་ཡིག་རྒྱུགས་ལས་འགན་གྱི་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་རྐུ་འབྲིའི་བྱ་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་ལས་བསྡུའི་ལས་དོན་ཧྲིལ་པོ་བདེ་འཇགས་དང་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།