[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

     ཉེ་བའི་ལོ་ཤས་རིང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་འཛུགས་སྐྲུན་དོན་འཁྱོལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་ཞབས་ཞུའི་ནང་དོན་སྔར་བས་འཐུས་ཚང་དུ་བཏང་སྟེ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད།

    2016ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱེད་ཚད་95%ཡན་ཟིན་པ་དང་སྒྲིག་ཁུངས་ནང་ཡོད་པའི་གྲྭ་བཙུན་ལ་རིན་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱེད་ཚད་100%ཟིན་ཡོད། མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ཁ་གསབ་ཚད་གཞི་སྒོར་55དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་10ཡིས་མཐོ་བ་ཡོད། 2016ལོར་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ཚོད་ལྟའི་ལས་དོན་གྱི་རྨང་གཞིའི་ཐོག་2017ལོར་རང་ལྗོངས་ཀྱིས《ཁྱིམ་ཚང་སྨན་པ་དང་གན་འཇོག་བྱེད་པའི་ཞབས་ཞུ་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བསམ་འཆར》པར་འགྲེམས་བྱས་ནས་གན་འཇོག་བྱ་ཡུལ་དང་། གན་འཇོག་ཞབས་ཞུའི་ནང་དོན། གན་འཇོག་ཞབས་ཞུའི་བརྒྱུད་རིམ་དང་འགྲོ་གྲོན་སོགས་ནང་དོན་ཁ་གསལ་བཟོས་ཏེ་ལོ་འཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་ཀྱི་ཁྱིམ་ཚང་སྨན་པས་ཞབས་ཞུ་བྱེད་ཚད་30%ཡན་ཟིན་རྒྱུ་དང་གཙོ་གནད་མི་སྣར་གན་འཇོག་ཞབས་ཞུ་བྱེད་ཚད་60%ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    དུས་མཚུངས་རང་ལྗོངས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་བོད་ཡིག་པར་གཞིའི《བོད་ཀྱི་གསོ་བ་རིག་པའི་སྤྱི་པའི་འཕྲོད་བསྟེན་བདེ་ཐང་དོ་དམ་ཞབས་ཞུའི་ལག་རྩལ་ཚད་གཞི》ཞིབ་བཟོ་བྱས་ནས་ཞིང་འབྲོག་པར་བདེ་འཇགས་དང་། ནུས་ལྡན། སྟབས་བདེ། གོང་ཁེ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་381གི་དོ་དམ་ཆ་འཕྲིན་མ་ལག་དངོས་སུ་བེད་སྤྱོད་བྱེད་བཞིན་ཡོད་པ་དང་གྲོང་མིའི་བདེ་ཐང་ཡིག་ཚགས་556702གློག་ཀླད་ནང་བཅུག་པ་དང་མི་9212ལ་ནད་འགོག་ཚད་ལྡན་དོ་དམ་བྱ་རྒྱུ་དང་གཅོང་ནད་ཕོག་པའི་མི་5338ལ་ཕྱོགས་བསྡུས་དོ་དམ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ལོ་སྨད་དུ་རང་ལྗོངས་ཀྱིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དོ་དམ་ཆ་འཕྲིན་མ་ལག་ལག་བསྟར་བཀོད་སྒྲིག་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།