[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཨན་ཧུའེ་ཅིང་ཀུང་ཚོགས་པས“མཐོང་གྲོལ”ཞེས་པའི་ཐང་ག་འགྲེམས་སྟོན་གྱི་བྱ་དགའི་དངུལ་གསར་འཛུགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-17

    བོད་ཀྱི་ཐང་ག་སྒྱུ་རྩལ་མཁས་ཅན་ཚོས་སྤུས་ལེགས་ཀྱི་བརྩམས་ཆོས་དེ་བས་མང་བ་གསར་གཏོད་བྱ་ཆེད། ཨན་ཧུའེ་ཅིང་ཀུང་ཀྲི་ཡེ་ཚོགས་པས་བོད་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན“མཐོང་གྲོལ”ཞེས་པར་བྱ་དགའི་དངུལ་གསར་འཛུགས་བྱས་པ་རེད། ཉིན་ཤས་གོང་། རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་བྱ་དགའི་དངུལ་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་ཤིང་། ཨན་ཧུའེ་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའི་དེ་སྔའི་པུའུ་ཀྲང་ཆིན་ཏེ་ཝུན་ཞལ་འདེབས་འབུལ་བའི་མཛད་སྒོར་ཕེབས་ཡོད་པ་རེད།

    ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག ཆིན་ཏེ་ཝུན་གྱིས་ད་རེས་བོད་ཀྱི་རིག་གནས་ལ་རྟོག་ཞིབ་བྱས་རྗེས་ཀྱི་མཐོང་ཐོས་ངོ་སྤྲོད་བྱས་པ་དང་འབྲེལ། བོད་ཀྱི་སྒྱུ་རྩལ་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད། རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་འགན་འཁུར་བས་བོད་ཀྱི་རིག་རྩལ་བྱ་གཞག་གི་འཕེལ་རྒྱས་དང་ད་ལྟའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ། ཨན་ཧུའེ་ཅིང་ཀུང་ཀྲི་ཡེ་ཚོགས་པས་བོད་ཀྱི་རིག་རྩལ་བྱ་གཞག་དང་ལྷག་པར་དུ་མཛེས་རྩལ་བྱ་གཞག་གི་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།