[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྒྱུར་བཅོས་བྱེད་བཞིན་ཡོད་པའི་བོད་ལྗོངས་མི་དམངས་སྨན་ཁང་། (སྨད་ཆ)

    འུ་ཐུག་ཐབས་ཟད་ནས་འདི་ལྟར་བྱས་པ་མིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-17

    “སྨན་པ་ཞིག་ལ་གྲོང་གསེབ་ཏུ་སྐྱོད་པའི་གོ་སྐབས་གཅིག་དང་པེ་ཅིང་ཞེ་ཧོ་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་སྐྱོད་པའི་གོ་སྐབས་ཡོད་ཚེ། ཁྱེད་ཀྱིས་གདམ་ག་ཇི་ལྟར་བྱེད”ཅེས་འདྲི་སྐབས་ཅང་ལེས་བསམ་ཡུལ་ལས་འདས་པར“གྲོང་གསེབ་ཏུ་སྐྱོད་པའི་གོ་སྐབས་འདེམས་རྒྱུ་ཡིན”ཞེས་ལན་བཏབ་པ་རེད།

    “རིག་ཚན་དེའི་མདུན་གྲལ་དུ་སླེབས་རྒྱུ་མཐར་ཐུག་གི་དམིགས་ཡུལ་དུ་བཟུང་མེད། ལྟ་བ་དེར་འགྱུར་ལྡོག་གཏོང་རྒྱུ་ཡིན། སྐབས་དེར་ངས་ཟབ་སྦྱོང་བྱས་ནས་འབད་བརྩོན་ཆེན་པོས་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་འགྲོ་ཐབས་བྱས་པ་ཡིན”ཞེས་ཅང་ལེས་བཤད་པ་རེད།

    ད་ཆའི་གནས་ཚུལ་དེ་ལས་ལྡོག་ཅིང་། “དང་ཐོག་ནད་ཐོག་སྨན་བཅོས་ཀྱི་ལས་དོན་སྒྲུབ་སྐབས་ཚང་མར་སེམས་ཤུགས་ཧ་ཅང་ཆེ་ཡང་། མི་ཤེས་པ་མང་པོ་ཡོད་རྐྱེན་ཕྱིས་སུ་ཚང་མ་རིམ་བཞིན་སྒྱིད་ལུག་ཏུ་གྱུར”ཅེས་ཁོག་ནད་ཚན་ཁག་གི་སྤྱི་ཁྱབ་ནད་གཡོག་དཔོན་ཧོ་ཡན་གྱིས་སྣང་ཚུལ་ངན་པ་དེ་ནི་ཁོར་ཡུག་གི་རྐྱེན་གྱིས་རེད་ཅེས་བརྗོད་པ་དང་། ཁོང་གིས“དོན་དངོས་ཐོག་ང་ཚོར་མི་འདང་ས་དང་སློབ་སྦྱོང་བྱེད་དགོས་ས་མང་པོ་ཡོད”ཅེས་བརྗོད་པ་རེད།

    རྒྱ་ཆེའི་ལས་བཟོ་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་ཆེད། ཧན་ཏིང་གིས་ཡོན་ཀྲང་གི་འགན་ཁུར་རྗེས་སྨན་ཁང་གི་གནས་ཚུལ་དེར་འགྱུར་ལྡོག་མཐར་ཕྱིན་པ་གཏོང་རྒྱུའི་བློ་ཐག་བཅད་པ་རེད།

    འདི་ལོའི་ཟླ་4ཚེས་25ཉིན་གྱི་ཞོགས་པ་སྔ་པོ་ནད་གཡོག་ཁོའོ་ཡི་ཀྲུའུ་རེན་གཞོན་པ་དཀར་ཏོག་དང་ཧྲེན་ཉིང་གིས་འགྲན་རྩོད་ལས་ཞུགས་བྱས་པའི་ནད་གཡོག་དཔོན་ཁྲིད་དེ་ནད་ཐོག་སྨན་བཅོས་ཁོའོ་ཁག་ཏུ་ལས་དོན་རྩིས་སྤྲོད་རྩིས་ལེན་བྱེད་པར་ཡོང་བ་རེད།

    དེའི་ནང་གི་ལོ་32ལ་སླེབས་པའི་སྤེན་པ་དངོས་གྲུབ་ནི་གསར་དུ་གདན་ཞུས་བྱས་པའི་ནད་གཡོག་དཔོན་27ནང་ལས་ཀར་ཞུགས་ནས་དུས་ཚོད་ཐུང་ཤོས་ཡིན་པའི་ལས་མིའི་གྲས་ཤིག་ཡིན་ལ་སྨན་ཁང་ནང་གི་ནད་གཡོག་སྐྱེས་པ་ཉུང་ཤས་ཁྲོད་ཀྱི་གྲས་ཤིག་ཡིན་ཞིང་།“དེ་སྔོན་ལས་ཡུན་དང་སྲིད་འཛིན་བསྐོ་གཞག་ལ་བརྟེན་དགོས་ཀྱི་ཡོད་མོད། འོན་ཀྱང་ད་ཆ་ལས་ཀའི་འཇོན་ཐང་ལ་བརྟེན་གྱི་ཡོད་པས་ང་ཚོ་ན་གཞོན་ཚོར་འཇོན་ཐང་ངོམས་པའི་གོ་སྐབས་འདུག”ཅེས་སྤེན་པ་དངོས་གྲུབ་ཀྱིས་བཤད།

    ད་ཐེངས་ནད་ཐོག་སྨན་བཅོས་ཀྱི་ནད་གཡོག་དཔོན་གྱི་ལས་གནས་27ལ་འགྲན་རྩོད་ངང་ཞུགས་རྒྱུ་དེར་དངོས་སུ་མིང་ཐོ་འགོད་མཁན་42ཡོད་པ་དང་ཐོ་འགོད་དུས་ཚོད་ཡོལ་རྗེས་ད་དུང་མི་མང་པོ་ཞིག་གིས་ཐོ་འགོད་རྒྱུའི་རེ་བ་བཏོན་ཡོད་པ་རེད།

    སྨན་ཁང་ལ་དེ་སྔོན་སྤྱི་ཁྱབ་ནད་གཡོག་དཔོན་མེད། ནད་ཐོག་སྨན་བཅོས་ཀྱི་ནད་གཡོག་དཔོན་ལ་ཁོའོ་ཀྲུའུ་རེན་གྱིས་དོ་དམ་བྱེད་ཀྱི་ཡོད། དོ་དམ་སྒྲིག་སྲོལ་འཐུས་ཚང་མེད་པའི་དབང་གིས་གནད་དོན་མང་པོ་ཐོན་གྱི་ཡོད།

    སྨན་ཁང་སྒྱུར་བཅོས་བྱེད་པར་དང་ཐོག་མི་དོན་ལམ་ལུགས་སྒྱུར་བཅོས་བྱེད་དགོས། སྨན་ཁང་ཏང་ཨུད་ཀྱི་རྩེ་རིམ་ཇུས་འགོད་དོན་འཁྱོལ་ཡག་པོ་བྱ་ཆེད་། མི་དོན་ཁྲུའུ་ལ་རྒྱུན་དུ་ལས་ཀ་མང་པོ་ཡོད། འགན་འཁུར་བ་ལི་རུའེ་ཡིས་ནད་གཡོག་དོ་དམ་བྱ་ཐབས་ཐད་ནད་གཡོག་པུའུ་དང་། སྤྱི་ཁྱབ་ནད་གཡོག་དཔོན། ནད་གཡོག་དཔོན་བཅས་ཀྱིས་ཐད་ཀར་དོ་དམ་བྱེད་པ་དང་ཡོངས་བསྒྲགས་ངང་ལས་གནས་འགྲན་རྩོད་བྱ་རྒྱུ་དང་དུས་མཚུངས་ལས་རྗེས་དཔྱད་འདེམས་དང་མི་སྣ་བཀོད་སྒྲིག་གི་དབང་ཆ་ཚང་མ་ནད་གཡོག་པུའུ་རུ་སྤྲད་ནས་ནད་གཡོག་པུའུ་ཡིས་གཅིག་གྱུར་ཐོག་བཀོད་སྒྲིག་བྱ་རྒྱུ་རེད་ཅེས་བཤད།

    འགྱུར་ལྡོག་ཆེན་པོ་བྱུང་བ།

    ཟླ་1ཚེས་3ཉིན་གྱི་ཕྱི་དྲོ། ལོ་གསར་པ་འགོ་ཚུགས་ནས་ལས་ཀར་ཡོང་བའི་ཉིན་དང་པོར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྤྱི་ཁྱབ་ནད་གཡོག་དཔོན་གྱི་འགྲན་རྩོད་བྱ་རྒྱུའི་གཏམ་བཤད་ཚོགས་ཆེན་འཚོགས་པ་དང་། ཆ་རྐྱེན་འཛོམས་པའི་སྨན་དོན་མི་སྣ་16གིས་གཏམ་བཤད་སྤེལ་ཏེ་ཁོང་ནད་ཚན་ཁག་དང་། ཕྱི་བཅོས་ཚན་ཁག སྒོ་བསྟེན་སྨན་བཅོས་བཅས་ཀྱི་སྤྱི་ཁྱབ་ནད་གཡོག་དཔོན་གསུམ་གྱི་གོ་གནས་འགྲན་རྩོད་བྱས་པ་རེད།

    གཏམ་བཤད་སྟེགས་བུའི་འོག་ཏུ་སྨན་ཁང་གི་འགོ་ཁྲིད་དང་། འབྲིང་རིམ་ལས་བྱེད་པ། ནད་གཡོག་དཔོན་བཅས་ཀྱི་འཐུས་མི་56ལས་གྲུབ་པའི་དཔྱད་འདེམས་ཨུ་ལྷན་ཡོད་པ་དང་ཡོན་ཀྲང་དང་ཧྲུའུ་ཅི་ཅིར་ཡང་ཚང་མ་དང་འདྲ་བར་འདེམས་ཤོག་གཅིག་འཕེན་པའི་དབང་ཆ་ལས་མེད་པས“འབྲེལ་བ”སྤྱོད་པའི་གནད་དོན་གཏན་འགོག་བྱས།

    དཔྱད་འདེམས་བྱས་མ་ཐག་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་མཁན་ཁྱབ་བསྒྲགས་བྱེད་ཀྱི་ཡོད། དེ་སྔོན་སྲིད་འཛིན་ལ་བརྟེན་ནས་བསྐོ་གཞག་བྱེད་པ་དང་། ད་ཆ་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་དགོས་ཀྱི་ཡོད། སྤྱི་ཁྱབ་ནད་གཡོག་དཔོན་འགྲན་རྩོད་ལམ་ལྷོངས་བྱུང་བ་དང་ནད་གཡོག་དཔོན་འགྲན་རྩོད་བྱེད་སྐབས་ལས་བཟོ་ཡོངས་ཞུགས་པའི་སྤྲོ་སེམས་ཆེན་པོ་འཕེལ་ནས་དེ་སྔའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།

    ཡོངས་བསྒྲགས་ངང་ལས་གནས་འགྲན་རྩོད་བྱས་པ་བརྒྱུད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ནད་གཡོག་དོ་དམ་གྱི་རིམ་གསུམ་ཐད་ཀའི་དོ་དམ་བྱ་ཐབས་བཟོས་ནས་ནང་ས་དང་དངོས་སུ་སྦྲེལ་མཐུད་ཐུབ་པ་དང་། སྔོན་ཆད་ཀྱི་ལྟ་སྐུལ་དོ་དམ་དེ་ད་ཆའི་རང་གཅུན་དོ་དམ་དུ་གྱུར་ཞིང་། ཧན་ཏིང་གིས“ལས་ཀ་བྱེད་བསམ་པ་དང་བྱེད་ཐུབ་པའི་མི་ལ་ལས་སྟེགས་མཁོ་འདོན་དང་གོ་སྐབས་ཀྱང་སྤྲོད་རྒྱུ་ཡིན་ལ་ནད་གཡོག་ཚང་མར་མདུན་ལམ་ཡག་པོ་ཡོང་བ་བྱེད་རྒྱུ་ཡིན”ཞེས་བཤད་པ་རེད།

    ཟླ་5ཚེས་10ཉིན་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་སླེབས་ཉེའི་མཚམས་སུ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་2017ལོའི་རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི“ནད་གཡོག་གི་ཡིད་དབང་འཕྲོག་ཤུགས་མངོན། ནད་གཡོག་གི་བློ་རིག་མཚོན་པར་བྱེད”ཅེས་པའི་ནད་གཡོག་ཤེས་བྱའི་མཐའ་བསྡུར་དང་ནད་གཡོག་གི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད། ཅང་ལེས་སྨན་ཁང་ཏང་ཨུད་ཀྱི་ཚབ་ཞུས་ནས་སྤྱི་ཁྱབ་ནད་གཡོག་དཔོན་དང་ནད་གཡོག་དཔོན་གྱི་ལས་གནས་བསྐོ་གཞག་བྱས་པ་སྒྲོག་སྦྱངས་བྱས་པ་དང་། སྤྱི་ཁྱབ་ནད་གཡོག་དཔོན་3དང་ནད་གཡོག་དཔོན་27གྱིས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཕུའུ་ཀྲེའི་ལག་ནས་གདན་ཞུས་ལག་ཁྱེར་བླངས་ནས་དངོས་སུ་ལས་གནས་ཐོག་བསྐྱོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།