[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་སའི་རྡོ་སེང་གེ་ལམ་ནས་ཆིང་རྒྱལ་རབས་དུས་ཀྱི་རྡོ་སེང་གེ་རྙེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-19

    1.jpg

    ཚེས་17ཉིན་གྱི་ཕྱི་དྲོ། ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་རྟགས་1པོའི་བོད་དམག་ཁུལ་ཁང་མགྲོན་ཁང་གཉིས་པའི་རྒྱལ་སྲུང་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱ་ཡུལ་ནས་ཚོན་རིས་རྡོ་སེང་གེ་ཞིག་རྙེད་པ་རེད།

    2.jpg

    ཤེས་རྟོགས་བྱུང་བར་གཞིགས་ན། རྡོ་སེང་གེ་ལམ་ནི་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནས་ཡུལ་ཡིན(ཁ་རྒྱུན་དུ་རྡོ་སེང་གེ་ཡ་མོན་ཞེས་བརྗོད)  པ་དང་། སྐབས་དེ་དུས་ཀྱི་ཡ་མོན་སྒོ་འགྲམ་གཡས་གཡོན་དུ་བཙུགས་པའི་རྡོ་སེང་གེ་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད།

    3.jpg

    རྡོ་སེང་གེ་རྙེད་ཡུལ་དང་རྡོ་སེང་གེ་ཡ་མོན་གྱི་པར་རྙིང་པ་བསྡུར་ཚེ། ས་འོག་ནས་རྙེད་པའི་རྡོ་སེང་གེ་དེ་ཡ་མོན་གྱི་གནའ་ཤུལ་དེ་རང་ཡིན་པ་རྟོགས་ཐུབ། ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་བརྒྱུད། མཐོ་ཚད་ལ་ལི་སྨི་169ཡོད་པ་དང་ཞབས་སྟེགས་ཀྱི་ཞེང་ཚད་ལ་ལི་སྨི་104.7ཡོད་པའི་རྡོ་སེང་གེ་དེར་གོད་ཆག་ཆེན་པོ་བྱུང་མེད་པར་ངོས་རིས་སྔར་བཞིན་ཁ་གསལ་བ་དང་ཚོན་རིས་ཀྱང་ལམ་ཙམ་མཐོང་རྒྱུ་ཡོད།

    4.jpg

    མིག་སྔར་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ས་འོག་ནས་རྙེད་པའི་རྡོ་སེང་གེའི་བརྐོས་དཀྲོལ་མ་དེར་ས་གནས་ས་ཐོག་ཏུ་རྩད་ཞིབ་ལས་དོན་ལེགས་སྒྲུབ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།