འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། འགྲིམ་འགྲུལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ། འགྲིམ་འགྲུལ་ལས་འཛོལ་མ་ཐོན་སྔོན་འགོག་དང་ཉུང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐག་གཅོད་བྱ་རིམ་གྱི་གཏན་འབེབས》སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས། ཆབ་མདོ་གྲོང་ཁྱེར་ས་ཁོངས་ཀྱི་རྒྱལ་ལམ་214དང་། 317 318བཅས་ལམ་ཐིག་གི་གློག་རྡུལ་ལྟ་སྐུལ་གྱི་རང་འགུལ་པར་ལེན་ཡོ་ཆས་ཀྱི་དུས་འགོའི་ཚོད་ལྟ་ཚར་ནས་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་རྗེས་དངོས་སུ་སྤྱོད་རྒྱུ་ཡིན་པ་རེད།
ད་ལྟ་འབྲེལ་ཡོད་དོན་གནད་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག དངོས་སུ་སྤྱོད་འགོ་ཚུགས་པའི་དུས་ཚོད། 2023ལོའི་ཟླ་1ཚེས་30ཉིན།
གཉིས། ས་ཁོངས། ཆབ་མདོ་གྲོང་ཁྱེར་ས་ཁོངས་ཀྱི་རྒྱལ་ལམ་214དང་། 317 318བཅས་ཀྱི་ལམ་ཐིག་ཡིན་པ།
གསུམ། ཁྲིམས་འགལ་གྱི་བྱེད་སྤྱོད་འདི་དག་པར་ལེན་བྱེད་རྒྱུ་ཡིན་པ།
1.མྱུར་ཚད་ལས་བརྒལ་བ།
2.ཁ་ལོ་བས་གཏན་འབེབས་ལྟར་སྲུང་ཐག་འཆིང་མེད་པ།
3.རླངས་འཁོར་གཏོང་གིན་ཁ་པར་རྒྱག་པ་དང་ལེན་པ།
4.རླངས་འཁོར་གཏོང་གིན་ཐ་མག་འཐེན་པ།
ཆེད་དུ་སྤྱི་བསྒྲགས་འདི་སྤེལ།
ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས།
2023ལོའི་ཟླ་1ཚེས་28ཉིན།