[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིར་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འདུག དོ་སྣང་ཡོད་པ་ཞུ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-11-30

    ཟླ་11ཚེས་27ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་ཆ་འཕྲིན་སྤེལ་བ་གཞིར་བཟུང་། སྔོན་དཔག་བྱས་ན། ཟླ་11ཚེས་28ནས་ཟླ་12ཚེས་4ཉིན་བར་ཆར་ཆུ་ཅུང་ཉུང་བ་དང་ལྷགས་པ་ཆེན་པོ་རྒྱག་རྒྱུ་ཡིན་པས། གནམ་གཤིས་དྲོད་ཚད་ལ་འཕར་ཆག་ཆེན་པོ་ཡོང་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་བཏང་བར་གཞིགས་ན། 

    གཟའ་ཟླ་བ་དང་མིག་དམར་ཉིན། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ས་ཆ་ཁ་ཤས་ལ་གནམ་འཐིབས་ནས་གངས་སིམ་སིམ(ཆར་པ)འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ལ་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

    གཟའ་ལྷག་པ་དང་ཕུར་བུ་ཉིན། ཉིང་ཁྲི་དང་ཆབ་མདོར་གནམ་འཐིབས་ནས་གངས་ཆུང་ཆུང(ཆར་པ)འབབ་རྒྱུ་དང་། ས་བབ་མཐོ་ཁུལ་ཁ་ཤས་ལ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་པ་སངས་ནས་ཉི་མའི་བར། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་དྭངས་ལ་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། ནུབ་རྒྱུད་ནས་ཤར་རྒྱུད་ཕྱོགས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ།

    གཟའ་འཁོར་འདིར། བོད་ཀྱི་བྱང་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ཀྱི་ས་བབ་མཐོ་བའི་ཁུལ་ལ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ། ཕྱི་དྲོར་ཡར་ཀླུང་གཙང་པོའི་རོང་ཁུལ་དུ་ཐོལ་རླུང་རིམ་པ་4ནས་5བར་རྒྱག་རྒྱུ།

    ཤ་ཚའི་དྲན་སྐུལ།

     གནམ་གཤིས་སྡེ་ཚན་གྱིས་རྒྱ་ཆེའི་གྲོང་མི་དང་འབྲེལ་ཡོད་ཚན་པ་ཁག་ལ་དྲན་སྐུལ་ཞུ་རྒྱུར། གཟའ་འཁོར་འདིར་ལྷགས་པ་ཆེན་པོ་རྒྱག་ཅིང་གནམ་གཤིས་དྲོད་ཚད་ཀྱང་ཅུང་མཐོ་བས། ནགས་ཚལ་དང་། རྩྭ་ཐང་། གྲོང་ཁྱེར་བཅས་ཀྱི་མེ་སྤྱོད་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཕྱི་དྲོར་བྱེ་རླུང་དང་ཐལ་རྡུལ་སོགས་ཀྱི་གནམ་གཤིས་སྟོན་སླ་བས་དེའི་ཤུགས་རྐྱེན་ངན་པར་འགོག་ཟོན་བྱེད་དགོས། གཟའ་པ་སངས་ནས་ཉི་མའི་བར། རང་ལྗོངས་ཀྱི་ནུབ་རྒྱུད་ནས་ཤར་རྒྱུད་ཕྱོགས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་ཡིན་པས། མཐོ་གྲང་འབྲོག་ཁུལ་དུ་ཕྱུགས་རིགས་ཀྱི་གྲང་འགོག་དང་དྲོད་སྲུང་ལས་དོན་ཡག་པོ་སྒྲུབ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།